འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅།།དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྣམ་གྲངས་ཀྱིས། མཚོ་སྔོན་བོད་རིགས་
ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེཌ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཀྲུང་གོ་གསར་འགྱུར་དྲ་བ་ཟི་ལིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། རྫོང་དེས་དྲ་སྦྲེལ་བརྒྱུད་ཕྱི་ཕྱོགས་ཀྱི་ཁྲོམ་རའི་སྒོ་མོ་ཕྱེ་བ་དང“དྲ་སྦྲེལ་+”ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་དྲ་ཐོག་ཚོང་དོན་ཐབས་ལམ་དང་དྲ་རྒྱའི་ལེགས་ཆར་བརྟེན་ནས་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་ཁུངས་དྲ་ཐོག་ཏུ་ཞུགས་སུ་བཅུག་པས་ས་གནས་དེ་གའི་བོད་རིགས་འབྲོག་པ་དྲ་ཐོག་ཚོང་དོན་བརྒྱུད་འབྱོར་འབྲིང་གི་འཚོ་བ་སྐྱེལ་རྒྱུ་བྱུང་བ་རེད།
གཙང་གསུམ་ཆུ་འགོར་གནས་པའི་དགའ་བདེ་རྫོང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཟིན་ཞིང་། རང་བྱུང་ཆ་རྐྱེན་ཅུང་ཞན་ཙམ་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་7046.2ཟིན་པ་དང་ཁྱོན་མི་འབོར་ཁྲི་3.8ལྷག་ཙམ་ཡོད་པའི་ནང་བོད་རིགས་ཀྱིས་རྫོང་ཡོངས་ཀྱི་མི་འབོར་གྱི་98%བཟུང་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་དུ་2018ལོར་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་མིང་ཐོའི་ནང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་11བདམས་པ་དང་དགའ་བདེ་རྫོང་དེའི་གྲས་ཤིག་རེད། དགའ་བདེ་རྫོང་གི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་བྱས་ཚུན་དྲ་ཐོག་ཚོང་དོན་གྱིས་དགའ་བདེ་རྫོང་གི་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།
      མིག་སྔར་དགའ་བདེ་རྫོང་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་བསྐྲུན་ཟིན་པ་མ་ཟད། སྤྱོད་འགོ་ཚུགས་པ་དང་ལྟེ་གནས་དེར་རྫོང་གི་དྲ་ཐོག་ཚོང་དོན་གྱི་ཚོང་ཟོག་གཉེར་སྐྱོང་ལྟེ་གནས་དང་རྫོང་དྲ་ཐོག་ཐོན་རྫས་ཚད་ལྡན་ཅན་གྱི་གཉེར་སྐྱོང་ལྟེ་གནས་གཞི་གཅིག་ཏུ་འདུས་ཡོད་པ་དང་ཐོན་ལས་གསར་སྤེལ་གྱི་ནུས་པ་དང་དེ་བཞིན་སྤུས་རྟགས་ཞབས་ཞུའི་གཉེར་སྐྱོང་ནུས་པ་ལྡན་པའི་དྲ་བའི་ཚོང་ཟོག་མཁོ་འདོན་ལྟེ་གནས་ཤིག་ཡིན་པ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་དང་། ལས་གཏོད་སྐྱོང་གསོ། ཐོན་རྫས་020འགྲེམས་སྟོན། ཆ་འཕྲིན་ཁྱབ་བསྒྲགས་སོགས་ཀྱི་བྱེད་ནུས་མང་པོ་ལྡན་ཡོད། དེའི་ནང་ཞུགས་མཁན་ཁེ་ལས་ལ་ཞིང་འབྲོག་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་འཛུགས་སྐྲུན་དང་། སྤྱི་གནོད་མེད་པ་དང་། ལྗང་མདོག སྐྱེ་ལྡན་བཅས་ཀྱི་བཟའ་བཅའི་བདེན་དཔང་། ཚོང་རྟགས་ཐོ་འགོད། ཐོན་རྫས་རིམ་སྤོར་སོགས་ཐད་ཀྱི་བློ་འདྲི་དང་རོགས་རམ་བྱེད་ཀྱི་ཡོད་པ་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་དྲ་ཐོག་ཏུ་འཚོང་བའི་འགོག་རྐྱེན་སེལ་རོགས་བྱས་ཏེ་ཁེ་ལས་ཀྱི་ལས་གཏོད་མ་གནས་གྲོན་ཆུང་དང་ཉེན་ཁ་ཆུང་དུ་བཏང་བས་རྫོང་དེའི་ལས་གཏོད་ལམ་ལྷོངས་ཡོང་ཚད་མང་དུ་ཕྱིན་ཡོད་པ་རེད།