འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅༎དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན་གྱིས་དྲ་རྒྱའི་དངུལ་བུན་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ།

མི་སྒེར་གྱི་ཡིད་རྟོན་དངུལ་བུན་གྱི་ཡིད་རྟོན་གྲངས་འབོར་སྒོར་ཁྲི་20ལས་བརྒལ་མི་ཆོག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས《ཚོང་ལས་དངུལ་ཁང་གི་དྲ་སྦྲེལ་དངུལ་བུན་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》གྱི་འཆར་ཟིན་བཀོད་དེ་དྲ་ཐོག་ནས་དངུལ་བུན་གཏོང་བར་ངེས་པར་དུ་འབོར་ཉུང་དང་། དུས་ཐུང་། ཕན་ཆེ། ཉེན་ཁ་ཚོད་འཛིན་རུང་བ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། འཛད་སྤྱོད་དུ་སྤྱོད་པའི་མི་སྒེར་གྱི་དངུལ་བུན་གྲངས་འབོར་སྒོར་ཁྲི་20ལས་བརྒལ་མི་ཆོག་པ། དུས་ཚོད་ཐིམ་ནས་མ་རྩ་ཕྱིར་སློག་དགོས་རིཌ་ཀྱི་ཡིད་རྟོན་དུས་ཡུན་ལོ་གཅིག་ལས་བརྒལ་མི་ཆོག་པ་བཅས་ཁ་གསལ་བཏོན་ཡོད།
     《བྱ་ཐབས》ནང་དངུལ་ཁང་གིས་དངུལ་བུན་གཏོང་སྤྲོད་དང་མ་དངུལ་བེད་སྤྱོད་ཐབས་ལམ་ལ་ཤུཌ་སྣོན་རྒྱག་པ་དང་། བབ་མཐུན་གྱི་ཆ་རྐྱེན་དང་འཚམ་པའི་དངུལ་བུན་གཏོང་བའི་ཐད་ངེས་པར་དུ་མངཌ་བཅོལ་དང་ལེན་གྱི་མ་དངུལ་གཏོང་སྤྲོད་བྱེད་སྟངས་སྤྱོད་དགོས་པ་མ་ཟད། མངཌ་བཅོལ་དང་ལེན་གྱི་གཏོང་སྤྲོད་བཅད་གྲངས་དོ་དམ་ཡང་ཞིབ་ཚཌ་སུ་གཏོང་དགོས། དངུལ་བུན་མ་དངུལ་བེད་སྤྱོད་ཐད་ངེས་པར་དུ་ཁ་གསལ་ཞིང་ཁྲིམས་དང་མཐུན་དགོས་པ་ལས། ཁང་པ་ཉོ་བ་དང་། མ་རྐང་འཛིན་ཤོག བུན་འཛིན། དུས་བཅད་ཟོག་ཚོང་། དངུལ་རྩའི་ཞོར་ཐོན་ཐོན་རྫས། རྒྱུ་ནོར་དོ་དམ་ཐོན་རྫས་ཀྱི་མ་འཇོག་བཅས་ལ་སྤྱོད་མི་རུང་། གལ་ཏེ་དངུལ་བུན་སྤྱོད་ཡུལ་ཁྲིམས་འགལ་སྒྲིག་འགལ་ལམ་ཡང་ན་ཁ་ཆད་བྱས་པའི་བེད་སྤྱོད་བྱ་ཡུལ་ལ་གཞིཌ་ནས་བེད་སྤྱོད་མ་བྱས་ཚེ་ངེས་པར་དུ་བྱ་ཐབས་སྤྱད་དེ་དངུལ་བུན་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཐད། 《བྱ་ཐབས》ནང་དངུལ་ཁང་གིས་ངེས་པར་དུ་དྲ་སྦྲེལ་ཐོག་ནས་དངུལ་གཡར་མཁན་གྱི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་བཟོས་ནས་འཛད་སྤྱོད་པར་སྲུང་སྐྱོང་བྱ་རྒྱུ་དྲ་སྦྲེལ་གྱི་དངུལ་བུན་ལས་སྒོའི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཁྲོད་འཇུག་དགོས་པའི་གཏན་འབེབས་བྱས་པ་མ་ཟད། དངུལ་ཁང་གིས་ངེས་པར་དུ་དངུལ་བུན་གཡོར་མཁན་གྱི་བྱེད་པོ་དང་། དོན་དངོས་ཀྱི་ལོ་རེའི་སྐྱེད་ཚད། ལོ་འཁོར་ཅན་གྱི་ཕྱོཌ་བསྡུས་མ་དངུལ་གྱི་མ་གནས། མ་སྐྱེད་འཇལ་སྤྲོད་ཀྱི་བཀོད་སྒྲིག དུས་བཅད་ལས་ཡོལ་བ་རྩིས་ལེན། བློ་འདྲིའི་ཞུ་གཏུག་སོཌ་ཀྱི་ཆ་འཕྲིན་ཁྱབ་བསྒྲཌ་བྱེད་པ་ལས། ཁྲིམས་འགལ་སྒྲིག་འགལ་གྱི་ཟིན་ཐོ་ཡོད་པའི་མཉམ་ལས་སྒྲིག་གཞིར་རྩིས་ལེན་བྱེད་དུ་འཇུག་མི་རུང་བའི་བླང་བྱ་བཏོན་ཡོད།