འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་14ཉིན།

༄༅༎ནད་ཡམས་ཚོད་འཛིན་རིགས་གཅིག་མཁས་ཅན་གྱིས། ཉེན་ཁ་ཆུང་བའི་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་
ལས་དོན་སྤེལ་ཡུལ་དུ་ཁ་རས་རྒྱག་མི་དགོས་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་14ཉིན། 11:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གནམ་གཤིས་ཚ་བ་ཇེ་ཆེར་འགྲོ་བས་ཁ་རས་མ་རྒྱག་ན་ཆོག་གམ། ཚེས་13ཉིན་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འགོ་ནད་རིག་པའི་དབུ་བཞུགས་རིགས་གཅིག་མཁས་ཅན་ཝུའུ་ཙུན་ཡིའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རླུང་འགྲོའི་ཆ་རྐྱེན་ལེགས་པའི་ས་ཆ་ནི་བདེ་འཇགས་ཡིན་པས་ཁ་རས་རྒྱག་མི་དགོས་ཞེས་བརྗོད་ཆོག ཕྱི་རོལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཆ་དཔེར་ན། ལུས་རྩལ་ཐང་དང་། སྤྱི་གླིང་། མི་སྣ་ཉུང་བའི་ཁྲོམ་གཞུང་བཅས་ལ་ཁ་རས་རྒྱག་དགོས་དོན་མེད། ཉེན་ཁ་ཆུང་བའི་ས་ཁུལ་གྱི་ལས་དོན་སྤེལ་ཡུལ་དཔེར་ན་གཞུང་ལས་ཁང་དང་། ལས་ཡུལ། བཟོ་གྲྭ་སོགས་ས་གནས་དེ་དག་ལའང་ཁ་རས་རྒྱག་དགོས་དོན་མེད་པ་དང་། ཕྱི་རོལ་དུ་འགུལ་སྐྱོད་བྱེད་སྐབས་ཁ་རས་རྒྱག་དགོས་དོན་མེད། ཚང་མས་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་པའི་སློབ་གྲྭ་འབྲིང་ཆུང་ལ་ཉེན་ཁ་ཆུང་བའི་ས་ཁུལ་གྱི་སློབ་གྲྭའི་ཁོར་ཡུག་ནང་ཁ་རས་རྒྱག་དགོས་དོན་མེད། རྩ་དོན་ཞིག་ཡོད་པ་སྟེ། རྒྱུན་དུ་ཕྱི་རོལ་གྱི་ཆ་རྒྱུས་མེད་པའི་ས་ཆ་གཞན་དུ་གཞུང་དོན་སྒྲུབ་པར་འགྲོ་མྱོང་མེད་པ་དང་། བལྟོས་བཅས་ཀྱི་གཏན་འཇགས་ཁོར་ཡུག་ཏུ་འཚོ་བ་སྐྱེལ་མཁན་དང་ཉེན་ཁ་ཆུང་བའི་ས་ཁུལ་ཡིན་ན་གཞི་རྩའི་ཐོག་ནས་ཁ་རས་རྒྱག་མི་དགོས།