འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་14ཉིན།

༄༅༎རྒྱལ་ཡོངས་སུ་ཐོ་བཀོད་པའི་སྨན་གཡོག་ཁྲི་445ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་14ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཀྲུང་གོ་ནད་སྐྱོང་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་པེ་ཅིང་ཞེ་ཧོ་སྨན་ཁང་ནད་སྐྱོང་པུའི་ཀྲུའུ་རེན་ཝུའུ་ཤིན་ཅོན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན། 2019ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཐོ་བཀོད་པའི་སྨན་གཡོག་ཁྲི་445ཟིན་པ་དེ་2018ལོ་ལས་ཁྲི་35ཙམ་མང་དུ་སོང་ཞིང་། མི་སྟོང་རེར་སྨན་གཡོག་3རེ་ཡོད་པ་དང་ཆེད་སྦྱོང་སློབ་གྲྭ་ཆེ་མོ་ཡན་གྱི་སློབ་གནས་ལྡན་པའི་སྨན་གཡོག་གིས་70%ལྷག་ཙམ་ཟིན་ཡོད།
     ཝུའུ་ཤིན་ཅོན་གྱིས་སྤྱིའི་ཆ་ནས་བརྗོད་ན། ནད་སྐྱོང་ལས་དོན་གྱི་འཕེལ་ཚུལ་ཅུང་ལེགས་མོད། འོན་ཀྱང་ད་དུང་གྲུབ་ཆའི་རང་བཞིན་ལུགས་དང་མི་མཐུན་པའི་ཆ་ལྡན་ཡོད་པ་དཔེར་ན། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་དང་། ཐག་རིང་ལུང་ཁུག་ས་ཁུལ། གྲོང་གསེབ་བཅས་སུ་སྨན་གཡོག་བལྟོས་བཅས་འདང་གི་མེད། གཞན་ཡང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་སྨན་གཡོག་ཚོས་མི་སེར་གྱི་གཅོང་ནད་དོ་དམ་དང་། བདེ་ཐང་སློབ་གསོ། རིམས་ནད་སྔོན་འགོག་སོགས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་འདོན་དགོས་ཞེས་བརྗོད།
     ཁོང་གིས་རང་རྒྱལ་གྱི་མི་འབོར་ན་རྒས་ཅན་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། མིག་སྔར་ལོ་65ཡན་གྱི་རྒན་རྒོན་དུང་ཕྱུར་1.7ལྷག་ཙམ་ཟིན་པ་དང་། ལྷག་པར་དུ་ནུས་ཤོར་དང་ཕྱེད་ནུས་ཤོར་གྱི་རྒན་རྒོན་ཁྲི་4000ལྷག་ཙམ་ཟིན་ཡོད། ན་རྒས་ཅན་གྱི་ནད་སྐྱོང་ཐད་སྨན་གཡོག་གིས་གཙོ་ཤུགས་དམག་གི་ནུས་པ་དེ་བས་འདོན་དགོས་ཞེས་བརྗོད།