འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅།།བོད་ལྗོངས་ཀྱི་གུ་གེའི་གནའ་ཤུལ་འོག་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ནས་རྩམ་པའི་དྲི་ཞིམ་འཐུལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱི་གུ་གེའི་གནའ་ཤུལ་འོག་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ནས་རྩམ་པའི་དྲི་ཞིམ་འཐུལ།
   མི་དམངས་དྲ་བའི་འཕྲིན། ཉིན་ཤས་རེའི་མཚམས་སུ། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་སྤུ་གླིང་གྲོང་ཚོའི་པདྨ་རྒྱལ་པོ། གྲོང་ཚོའི་ནང་གི་རྩམ་པ་ལས་སྣོན་བཟོ་གྲྭར་ལས་ཀ་བྱེད་པར་འགྲོ་གི་ཡོད། རྩམ་པ་ལས་སྣོན་བཟོ་གྲྭ་འདི་ནི་2017ལོར་ས་གནས་དེ་གས་མཐའ་དར་དམངས་ཕྱུག་གི་མ་དངུལ་དང་དབུལ་སྒྲོལ་མ་དངུལ་སྡེབ་སྒྲིག་བྱས་ནས་སྒོར་ཁྲི་176བཏང་ཏེ་གསར་སྐྲུན་བྱས་པ་ཞིག་རེད། ལས་སྣོན་བཟོ་གྲྭའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་400ལྷག་ཙམ་ཡོད་པ་དང་། རྩམ་པ་ལས་སྣོན་ལ་མཁོ་བའི་སྒྲིག་ཆས་ཆ་ཚང་ཡོད་པས་ཆེད་མངགས་རྩམ་པ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད།
     གུ་གེའི་གནའ་ཤུལ་འོག་ཏུ་གནས་པའི་སྤུ་གླིང་གྲོང་ཚོ་ནི་རྩྭ་མདའ་རྫོང་མཁར་དང་བར་ཐག་སྤྱི་ལེ་18ཙམ་ཡོད། འདིར་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3900ཡོད་པ་དང་། ལོའི་ཆ་སྙོམས་དྲོད་ཚད་ཧྲེའུ་ཧྲི་ཏུའུ་7ཡིན་པ་རེད། གནམ་གཤིས་དང་ཆུ་ཁུངས། ས་གཤིས་བཅས་ཀྱི་ཆ་རྐྱེན་ནས་སོན་འདེབས་ལ་འཚམ་པོ་ཡོད་པས་ས་གནས་འདིར་ནས་འདེབས་ཀྱི་ཡོད་པ་རེད།
   སྤུ་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བསྟན་འཛིན་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་དོན། རྩམ་པ་ལས་སྣོན་བཟོ་གྲྭའི་མིང་ལ་“རྡོ་གཤམ་རྩམ་པ་ལས་སྣོན་བཟོ་གྲྭ”ཞེས་བཏགས་དོན་ནི་“ང་ཚོའི་གྲོང་ཚོར་ཚོགས་ཆུང་ཞིག་ཡོད་པའི་མིང་ལ་རྡོ་གཤམ་ཞེས་འབོད་ཀྱི་ཡོད།”འདིར་འདེབས་པའི་ནས་ནི་ས་གནས་གཞན་དང་བསྡུར་ན། དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། རྡོ་གཤམ་རྩམ་པ་ནི་གུ་གེ་རྒྱལ་རབས་ཀྱི་རྟེན་འབུལ་དངོས་རྫས་ཡིན་པས་སྐད་གྲགས་ཧ་ཅང་ཆེན་པོ་ཡོད།
     2015ལོར། སྤུ་གླིང་གྲོང་ཚོར་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས། གྲོང་མི་རྣམས་ཀྱིས་རང་ཁྱིམ་དུ་འཐག་པའི་རྩམ་པ་ཆེད་མངགས་ཉོ་སྒྲུབ་བྱས་ནས་གཅིག་གྱུར་ཐོག་ཕྱི་ཕྱོགས་ལ་བྲིན་འཚོང་བྱེད་ཀྱི་ཡོད་པ་རེད། “མཉམ་ལས་ཁང་བཙུགས་པའི་ལོ་དེར། གྲོང་མི་10བསྡུས་ནས་དེའི་ནང་ཞུགས་སུ་བཅུག་པ་དང་། ལོ་དེ་རང་དུ་ཁེ་སྤོགས་བྱུང་པ་དང་། མི་རེར་སྒོར་800ལྷག་བགོས་ཡོད།”བགོ་བཤའ་ཉུང་ཡང་། དེའི་ནང་དུ་ཞུགས་མཁན་གྲོང་མིར་ཁེ་ཕན་ཐོབ་པས་གྲོང་མི་མང་ཆེ་བས་མཉམ་ལས་ཁང་ལ་རྩམ་པ་འཚོང་གི་ཡོད་པ་རེད།
     བསྟན་འཛིན་སྒྲོལ་དཀར་གྱིས། རྩམ་པ་ལས་སྣོན་བཟོ་གྲྭར་ད་ལྟ་རྒྱ་མ་2དང་། རྒྱ་མ་5 རྒྱ་མ་10བཅས་བྱས་པའི་ཁུག་མ་ལས་མེད་ཅིང་། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་སོགས་ཤང་དང་གྲོང་རྡལ་དང་སློབ་གྲྭར་འཚོང་གནས་15བཙུགས་ཡོད། “གོམ་རིམ་རྗེས་མར། ང་ཚོས་ལག་རྩལ་འཚོལ་ཞིབ་བྱས་ནས་རྩམ་པའི་ཏན་ཞིམ་སོགས་མུ་འབྲེལ་ཐོན་རྫས་ཐོན་སྐྱེད་བྱ་རྒྱུ་མ་ཟད། ད་དུང་དྲ་ཐོག་ཚོང་ལམ་བརྒྱུད་ནས་བཙོང་སྟེ་ལས་སྣོན་བཟོ་གྲྭའི་ཚོང་སྔར་ལས་ཡག་ཏུ་གཏོང་རྒྱུ་ཡིན། ”ཞེས་བཤད་།  
     མིག་སྔར། སྤོ་གླིང་གྲོང་ཚོ་དཔྱིད་རྨོད་དཔྱིད་འདེབས་ལས་ལ་བྲེལ་བཞིན་ཡོད། སྔོ་སངས་ནམ་མཁའི་འོག་ཏུ། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གུ་གེའིི་གནའ་ཤུལ་འགྱིར་ངེས་གནས་ཡོད་པ་དང་། དེས་གྲོང་མི་ཚོའི་ངལ་རྩོལ་ལ་བདེན་དཔང་བྱེད་བཞིན་པ་སྣང་།  མུའུ་430ཡོད་པའི་ས་ཞིང་འདིར་སླར་ཡང་ནས་འདེབས་ནས་གྲོང་མི་ཚོས་ཆར་ཆུ་དུས་ལ་འབབ་ནས་རེ་བའི་འབྲས་བཟང་སྨིན་པའི་རེ་སྒུག་བྱེད་བཞིན་ཡོད།
【1】  【2】  【3】
༄༅།།བོད་ལྗོངས་ཀྱི་གུ་གེའི་གནའ་ཤུལ་འོག་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ནས་རྩམ་པའི་དྲི་ཞིམ་འཐུལ།