འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅།།ཀྲུང་གོའི་དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན་གྱིས་བསྟན་དོན། ཕྱི་དངུལ་འགན་བཅོལ་བསྐྱར་མ་
ཀུང་སིས་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོའི་དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འཇར་མན་ཧན་ནོ་ཝེ་འགན་བཅོལ་བསྐྱར་མ་མ་རྐང་ཚད་ཡོད་ཀུང་སིའི་ཧྲང་ཧའེ་ཡན་ལག་ཀུང་སིས་ཐོ་འགོད་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་15.60མང་དུ་བཏང་བ་དང་། མ་དངུལ་མང་དུ་བཏང་རྗེས་ཀུང་སི་དེའི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་25.45ནས་སྒོར་དུང་ཕྱུར་41.05བར་མང་དུ་ཕྱིན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་ཡན་ལག་ཀུང་སིས་ཀྲུང་གོར་མ་འཇོག་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བས་ཀྲུང་གོར་ལས་སྒོ་སྤེལ་ཚད་མཐོ་རུ་མགྱོགས་པོ་ཕྱིན་ཡོད། 2019ལོའི་ཟླ་9པར། ཀུང་སི་དེའི་ཧྲང་ཧའེ་ཡན་ལག་ཀུང་སིས་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་15.45ནས་སྒོར་དུང་ཕྱུར་25.45བར་མང་དུ་བཏང་བ་དང་ཆབས་ཅིག་དུས་ཡུན་ལོ་གཅིག་མ་འགོར་བར་མ་དངུལ་སླར་ཡང་མང་དུ་བཏང་བས་ཀྲུང་གོར་ལས་སྒོ་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།