འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅།།ཀྲུང་གོའི་རུ་ཁག་ལ་རྒྱལ་སྤྱིའི་མིག་མངས་ཀྱི་རྒྱལ་ཁབ་བུམ་པའི་ཨང་དང་པོ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་རྒྱལ་སྤྱིའི་མིག་མངས་མཐུན་ཚོགས་ནས་གནས་ཚུལ་འབྱོར་བར། 2020ལོའི་རྒྱལ་སྤྱིའི་མིག་མངས་མཉམ་འབྲེལ་ལྷན་ཚོགས་Chess .comཀྱི་དྲ་ཐོག་རྒྱལ་ཁབ་བུམ་པའི་མཐའ་བསྡུར་ཚེས་10ཉིན་གྱི་མཚན་མོ་སྤེལ་་ཞིང་། ཀྲུང་གོའི་རུ་ཁག་དང་ཨ་རིའི་རུ་ཁག་གཉིས་པོ་དེ་གོང་གི་འགྲན་བསྡུར་ནང་2:2ཀྱི་བསྡུར་གྲངས་གཅིག་པ་དང་། རེས་འཁོར་འགྲན་བསྡུར་གྱི་ཨང་དང་པོ་ཡིན་པའི་ཀྲུང་གོའི་རུ་ཁག་ལ་ད་ཐེངས་ཀྱི་རྒྱལ་ཁབ་བུམ་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།
    2018ལོར་སྐྱེས་པའི་རུ་ཁག་དང་བུད་མེད་རུ་ཁག་གཉིས་ཀར་ཨོ་རྩལ་འགྲན་བསྡུར་ནང་ཨང་དང་པོ་ཐོབ་པའི་ཀྲུང་གོའི་རུ་ཁག་གིས་ཡོ་རོབ་མཉམ་འབྲེལ་རུ་ཁག་དང་། ཨུ་རུ་སུའི་རུ་ཁག ཨ་རིའི་རུ་ཁག རྒྱ་གར་གྱི་རུ་ཁག་བཅས་དང་དེ་བཞིན་འཛམ་གླིང་མཉམ་འབྲེལ་རུ་ཁག་དང་འགྲན་བསྡུར་བྱས་པ་དང་། རྒྱལ་ཁབ་རུ་ཁག་གི་སྤྱི་ཁྱབ་རྩལ་ཁྲིད་པ་ཡེ་ཅང་ཁྲོན་གྱིས་ཀྲུང་གོའི་རུ་ཁག་གི་རུ་སྣེ་འཁྲིད་པ་དང་། ཞུས་ཅུན་གྱིས་སྐྱེས་པའི་རུ་ཁག་དང་ཡུས་ཧྲའོ་ཐེང་གིས་བུད་མེད་རུ་ཁག་གི་རྩལ་ཁྲིད་པའི་འགན་འཁུར་ཡོད། རུ་མི་ནི་ཏིང་ལི་རེན་དང་། ཝང་ཧའོ། ཧའོ་ཡི་ཕན། ཝའེ་དབྱི། ཡུས་དབྱང་དབྱི། ཅུས་ཝེན་ཅུན་བཅས་རེད།