འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་ལས་ཐཱན་འདུས་རྣམ་གྲངས་ཀྱི་ཐོག་མའི་
ཉོ་ཚོང་བདེ་བླག་ངང་ལག་བསྟར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཉེ་ཆར་ཁོ་ཕའེ་ནུས་རྒྱུ(ཀྲུང་གོ)ཚད་ཡོད་ཀུང་སིར་ཐཱན་ཉུང་གི་ཞིབ་དཔྱད་ལག་ཁྱེར་གྱི་ཚད་གཞི་གཞིར་བཟུང་ནགས་ལས་ཐཱན་འདུས་ཐེངས་དང་པོ་སྤྲད་པ་རེད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་ལས་ཐཱན་འདུས་རྣམ་གྲངས་ཤིག་རེད།
    ནགས་ལས་ཀྱི་ཐཱན་འདུས་ཚད་ནི་ཕྱོགས་གཉིས་པོས་མཉམ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ཤར་རྒྱུད་ཀྱི་རྨ་ཆུ་དང་ཙོང་ཆུའི་ས་ཁུལ་དུ་ལག་བསྟར་བྱས་པའི་ནགས་ལས་ཐཱན་འདུས་རྣམ་གྲངས་ཤིག་ཡིན་པ་དང་། བཙོག་འབུད་ཉུང་གཏོང་གི་ཞིབ་དཔྱད་བྱེད་ཚད་ཁྱོན་བསྡོམས་ཏུན་ཁྲི་25.46ཟིན་ཡོད་པ་རེད།
     ནགས་ལས་ཐཱན་འདུས་ཞེས་པ་ནི། ཚད་ལྡན་ཅན་གྱི་བརྒྱུད་རིམ་ལ་གཞིགས་ནས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ་དང་འབྲེལ། འོད་སྦྱོར་ནུས་པ་བརྒྱུད་རླུང་ཁམས་ཆེ་མོའི་དབྱང་གཉིས་ཐཱན་འགྱུར་མེད་པར་བཟོ་བའི་བརྒྱུད་རིམ་ལ་ཟེར་ཞིང་། དེ་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་ཐབས་གལ་ཆེན་ཞིག་རེད། རྣམ་གྲངས་དེའི་དམིགས་ཡུལ་ནི་ཐང་རྒོད་དང་ཞན་འགྱུར་ས་ཆར་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། ཐཱན་འདུས་ཚད་མང་དུ་བཏང་ནས་ས་གནས་དེ་གའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དེ་རེད།