འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅༎ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ལ་ཏོག་གསར་ནད་དུག་འགོས་པ་གཏན་འཁེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཚེས་12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཕུའུ་དང་ཁོང་གི་བཟའ་ཟླ་ན་ཕུའུ་ཁཱར་ཏོག་གསར་ནད་དུག་འགོས་པ་གཏན་འཁེལ་བྱུང་པ་དང་མིག་སྔར་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་ཡོད།
     ཕེ་སི་ཁོ་ཕུའུ་ཡིས་ཨུ་རུ་སུའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་རང་ཉིད་ལ“ནད་གཞི་ཕོག་ནས་སྨན་བཅོས་བྱེད་བཞིན་ཡོད་པའི”ར་སྤྲོད་བྱས་ཡོད།
     ན་ཕུའུ་ཁཱས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཁོ་མོ་དྲག་སྐྱེད་བྱུང་བཞིན་ཡོད་པ་དང་། ཚ་བ་རྒྱས་པ་དང་གློ་རྒྱག་གི་མིན་འདུག་ཅེས་བཤད་པ་དང་ཕེ་སི་ཁོ་ཕུའི་གནས་ཚུལ་སྡུག་ཙམ་ཡོད་མོད། འོན་ཀྱང་སྨན་པའི་སྨན་བཅོས་འོག“ཚང་མ་བདེ་བླག་བྱུང”ཞེས་བརྗོད་ཡོད་པ་རེད།
     ཨུ་རུ་སུའི་རིམས་ནད་སྔོན་འགོག་བཀོད་འདོམས་པུས་ཚེས་12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། འདས་ཟིན་པའི་ཆུ་ཚོད་24རིང་ཨུ་རུ་སུར་ཏོག་གསར་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་10899མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ་232243ཟིན་ཡོད་པ་རེད།
     ཚེས་11ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་12ཉིན་ནས་བཟུང་ཨུ་རུ་སུས་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པའི་དུས་མཚམས་གསར་པར་སླེབས་པས་ཚོད་འཛིན་གྱི་བྱེད་ཐབས་མེད་པ་བཟོ་རྒྱུ་ཡིན་མོད། འོན་ཀྱང་འཕྲལ་མར་ཚང་མ་མེད་པ་བཟོ་མི་སྲིད་པས་བྱ་ཐབས་གསར་པ་སྤྱད་དེ་སྤྱི་དམངས་ཀྱི་བདེ་འཇགས་འགན་ལེན་དང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།