འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་ཨ་རིར་སྒོ་ཁྲལ་འཕར་མ་བསྡུ་བའི་
ཚོང་ཟོག་ཁག་གཉིས་པའི་ཞིབ་ཐོ་འབུད་ཐེངས་གཉིས་པ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། 《ཨ་རིར་སྒོ་ཁྲལ་འཕར་མ་བསྡུ་བའི་ཚོང་ཟོག་འབུད་པའི་ལས་དོན་ཚོད་ལྟ་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》(ཁྲལ་དོན་ཨུ་ལྷན་གྱི་སྤྱི་བསྒྲགས〔2019〕ཨང་2པ)གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་ཨ་རིར་སྒོ་ཁྲལ་འཕར་མ་བསྡུ་བའི་ཚོང་ཟོག་ཁག་གཉིས་པའི་ཞིབ་ཐོ་འབུད་ཐེངས་གཉིས་པ་ཁྱབ་བསྒྲགས་བྱས་པ་རེད། ཨ་རིར་སྒོ་ཁྲལ་འཕར་མ་བསྡུ་བའི་ཚོང་ཟོག་ཁག་གཉིས་པའི་ཞིབ་ཐོ་འབུད་ཐེངས་གཉིས་པའི་ཚོང་ཟོག་ཁག་གཅིག་ནི། 2020ལོའི་ཟླ་5ཚེས་19ཉིན་ནས་2021ལོའི་ཟླ་5ཚེས་18ཉིན་བར་ངས་ཨ་རིའི་301བྱ་ཐབས་ལ་ངོ་རྒོལ་བྱ་ཆེད་བསྡུས་པའི་སྒོ་ཁྲལ་བསྡུ་རྒྱུ་མིན་པ་རེད། སྒོ་ཁྲལ་འཕར་མ་བསྡུས་རིགས་ཕྱིར་སློག་བྱ་རྒྱུ་དང་། འབྲེལ་ཡོད་ནང་འདྲེན་ཁེ་ལས་ཀྱིས་ཞིབ་ཐོ་ཡོངས་བསྒྲགས་བྱེད་པའི་ཉིན་ནས་བཟུང་ཟླ་6ནང་གཏན་འབེབས་ལྟར་འགག་སྒོར་རེ་ཞུ་བྱས་ནས་སྒྲུབ་དགོས། ཁག་གཉིས་པའི་ཨ་རིར་སྒོ་ཁྲལ་འཕར་མ་བསྡུས་པའི་ཚོང་ཟོག་གཞན་དག་གནས་སྐབས་འབུད་རྒྱུ་མིན་པ་རེད།  
     ཨ་རིར་སྒོ་ཁྲལ་འཕར་མ་བསྡུ་བའི་ཚོང་ཟོག་ཕྱིར་འབུད་ཀྱི་ཞིབ་ཐོ་ཁག་དང་པོ་དང་ཁག་གཉིས་པའི་ནང་བཅུག་མེད་པའི་ཚོང་ཟོག་ལ་ཁེ་ལས་ཀྱིས《ཨ་རིར་སྒོ་ཁྲལ་འཕར་མ་བསྡུ་བའི་ཚོང་ཟོག་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་འབུད་པའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》(ཁྲལ་དོན་ཨུ་ལྷན་གྱི་སྤྱི་བསྒྲགས〔2020〕ཨང་2པ)གཞིར་བཟུང་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་འབུད་པའི་རེ་ཞུ་བྱེད་ཆོག