འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅༎ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་4ཡི་ཤ་རིགས་ཐོན་རྫས་ནང་འདྲེན་རེ་ཞུ་
དང་ལེན་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། ཤེས་རྟོགས་བྱུང་བར་གཞིགས་ན་ཀྲུང་གོའི་འགག་སྒོས་ཤ་རིགས་ཐོན་རྫས་ནང་འདྲེན་བྱེད་པར་བརྟག་ཞིབ་བྱེད་སྐབས་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་ཁག་གཅིག་གིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་གླང་ཤའི་ཐོན་རྫས་ཁག་མང་པོར་ཕྱོགས་གཉིས་པོའི་གཙོ་གཉེར་སྡེ་ཚན་གྱིས་ཐུན་མོང་ཐོག་གཏན་འཁེལ་བྱས་པའི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་བླང་བྱ་དང་འགལ་བའི་གནས་ཚུལ་ཡོད་པ་མུ་མཐུད་ཤེས་རྟོགས་བྱུང་ཡོད། ཀྲུང་གོའི་འཛད་སྤྱོད་པའི་བདེ་ཐང་དང་བདེ་འཇགས་འགན་ལེན་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཉིན་དེ་ནས་བཟུང་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་4ཡི་ཤ་རིགས་ཐོན་རྫས་ནང་འདྲེན་རེ་ཞུ་དང་ལེན་བྱེད་མཚམས་འཇོག་རྒྱུ་དང་འབྲེལ་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཀྱི་གཙོ་གཉེར་སྡེ་ཚན་ལ་བརྡ་ཁྱབ་བཏང་ནས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་བརྟག་དཔྱད་མཐར་ཕྱིན་པ་བྱེད་པ་དང་འབྲེལ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བརྗོད་པ་རེད།