འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་12ཉིན།

༄༅།།བོད་ལྗོངས་མཁའ་འགྲུལ་གྱི་མཚོ་སྔོན་མགོ་ལོག་ནས་སྤྱི་པའི་RNP-ARའཕུར་སྐྱོད་གོ་རིམ་ཉེར་སྤྱོད་
ཀྱི་འཕུར་ཐེངས་ཐོག་མ་ལེགས་འགྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་12ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་མཁའ་འགྲུལ་གྱི་མཚོ་སྔོན་མགོ་ལོག་ནས་སྤྱི་པའི་RNP-ARའཕུར་སྐྱོད་གོ་རིམ་ཉེར་སྤྱོད་
ཀྱི་འཕུར་ཐེངས་ཐོག་མ་ལེགས་འགྲུབ་བྱུང་བ།
   མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་5ཚེས་9ཉིན། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། ཀུང་སི་དེས་ཉེ་ཆར་འཕུར་ཐེངས་དང་པོའི་མཚོ་སྔོན་ཟི་ལིང=མཚོ་སྔོན་མགོ་ལོག=བོད་ལྗོངས་ལྷ་ས་བཅས་ཀྱི་དུས་གཏན་གནམ་གྲུའི་ལས་འགན་ཁྲོད། ཐེངས་དང་པོར་མཚོ་སྔོན་མགོ་ལོག་རྨ་ཆེན་གནམ་ཐང་དུ་སྤྱི་པའི་RNP-AR(དམིགས་བསལ་གྱི་དབང་ཆ་སྤྲོད་པའི་ཕྱོགས་སྟོན་ནུས་པར་ཉེ་བའི་གོ་རིམ་། )འཕུར་སྐྱོད་གོ་རིམ་བེད་སྤྱད་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། RNP-ARནི་གནམ་གྲུ་རང་ངོས་ཀྱི་གནམ་གྲུའི་ཕྱོགས་སྟོན་སྒྲིག་ཆས་དང་གོ་ལ་ཧྲིལ་པོའི་གནས་གཏན་འཁེལ་མ་ལག་ལ་བརྟེན་ནས་གནམ་གྲུ་འཕུར་འབབ་ལ་ཁྲིད་སྟོན་བྱེད་པའི་ལག་རྩལ་གསར་པ་སྤྱད་པ་དང་། RNP-ARབེད་སྤྱད་ན་མཁའ་འགྲུལ་ཡོ་བྱད་ཀྱིས་ཚོད་དཔགས་མི་ཐུབ་པའི་མ་ལག་གིས་ས་ངོས་ཀྱི་ལེ་ཏར་བརྟེན་པ་ལས་གྲོལ་ཏེ། ཕན་ནུས་ལྡན་པའི་ངང་ཚད་བརྒལ་བཀག་ཆ་ལས་གཡོལ་བ་དང་། ལྷག་པར་དུ་ས་དབྱིབས་རྙོག་འཛིང་ཆེ་བ་དང་། གནམ་གཤིས་འགྱུར་ལྡོག་ཆེ་ལ་རྙོག་འཛིང་ཆེ་བའི་གནམ་ཐང་།  འཁོར་རྒྱུག་ནུས་པ་ཇེ་མཐོར་གཏོང་བ་དང་བདེ་འཇགས་ལྡན་ཚད་དང་འཕུར་སྐྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཕྱོགས་ལ་ནུས་པ་གལ་ཆེན་འདོན་ཐུབ་རྒྱུ་རེད།
    བོད་ལྗོངས་མཁའ་འགྲུལ་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མགོ་ལོག་རྨ་ཆུ་གནམ་ཐང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་གནས་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3787.6ཡོད་པ། ས་མཐོའི་རང་བཞིན་གྱི་གནམ་གཤིས་ཁྱད་ཆོས་མངོན་གསལ་དོད་ཞིང་། ཡན་ལག་གི་ས་མཐོའི་གནམ་ཐང་ཁོངས་སུ་གཏོགས་ཀྱི་ཡོད། གནམ་གྲུའི་རྒྱུག་ལམ་གྱི་ཕྱོགས་གཉིས་སུ་རི་བོ་ཡོད་པས་དེ་ནི་ཀྲུང་གོའི་ས་དབྱིབས་ཆ་རྐྱེན་ཆེས་རྙོག་འཛིང་ཆེ་བའི་གནམ་ཐང་ཞིག་རེད།