འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་12ཉིན།

༄༅༎ཀྲུང་གུང་ཧྲའན་ཤིས་ཞིང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཀྲའོ་ཀྲེང་ཡུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་
འདྲི་ཞིབ་ཐེངས་དང་པོའི་ཁྲིམས་ར་ཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་12ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་འདྲི་ཞིབ་ཐེངས་དང་པོའི་ཁྲིམས་ར་འཚོགས་ཏེ་ཡོངས་བསྒྲགས་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཀྲུང་གུང་ཧྲའན་ཤིས་ཞིང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཀྲའོ་ཀྲེང་ཡུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཞིབ་གཅོད་བྱས་པ་རེད།
     ཐེན་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཡན་ལག་ཁང་དང་པོས་ཞུ་གཏུག་བྱས་དོན། 2003ལོ་ནས་2018ལོ་བར་ཞུ་སྦྱོར་ཕྱི་མ་ཀྲའོ་ཀྲེང་ཡུང་གིས་ཀྲུང་གུང་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཧྲེང་ཀྲང་གཞོན་པ། ཀྲུང་གུང་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཧྲེང་ཀྲང་། ཧྲེང་ཀྲང་། ཀྲུང་གུང་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་ལས་གནས་ཐོག་གི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་སྒྲུབ་འགན་ལེན་པ་དང་། གོ་གནས་སྤར་བ། ལས་ཀ་སྤོ་སྒྱུར། ཁེ་ལས་གཉེར་སྐྱོང་སོགས་ཀྱི་དོན་དག་ཐད་ཁེ་ཕན་དོན་གཉེར་བྱས་ནས་ཁེར་རྐྱང་ངམ་ཡང་ན་དེའི་ཆུང་མ་སོགས་དང་མཉམ་དུ་གོང་གསལ་ཚན་པ་དང་མི་སྒེར་གྱིས་སྤྲད་པའི་རྒྱུ་ནོར་ཁྲིམས་འགལ་ངང་བླངས་པར་ཁྱོན་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་7.17ལྷག་ཙམ་ཟིན་ཡོད། དེའི་ནང་སྒོར་དུང་ཕྱུར་2.91ལྷག་ཙམ་དངོས་སུ་ཐོབ་མེད་པས་དེ་ནི་ཉེས་དམིགས་མ་གྲུབ་པའི་ཁོངས་སུ་གཏོགས་ཡོད་པ་རེད།