འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་12ཉིན།

༄༅༎ཕྱི་འབྲེལ་པུས། རིམས་ནད་ལ་ཁ་གཡར་ནས་ཀྲུང་གོར་མིང་ཆད་ངན་པ་བཟོ་བར་ངོ་རྒོལ་བྱེད་པའི་ཨུ་རུ་སུའི་
གཞུང་དྲང་གི་ལངས་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་12ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་11ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་འགའ་ཞིག་གིས་རིམས་ནད་ལ་ཁ་གཡར་ནས་ཀྲུང་གོར་མིང་ཆད་ངན་པ་བཟོ་རྩིས་བྱེད་པར་ངོ་རྒོལ་བྱེད་པའི་གཞུང་དྲང་གི་ལངས་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
     དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཟླ་5ཚེས་8ཉིན་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཞལ་པར་བསྐྱོན་རེས་གནང་སྐབས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་རིམས་ནད་ལ་ཁ་གཡར་ནས་ཀྲུང་གོར་སྐྱོན་འཛུགས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་དང་། ཕྱི་འབྲེལ་པུའུ་ཀྲང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་སོགས་དཔོན་རིགས་དང་དེ་བཞིན་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཉེ་ཆར་རིམས་ནད་ཆབ་སྲིད་ཅན་དུ་བཟོ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཤད་པ་དང་། དྲང་གཞག་གི་ཚན་རིག་ཞིབ་འཇུག་ལ་བརྟེན་ནས་གནས་ཚུལ་ངོ་མ་བརྟག་དཔྱད་བྱེད་དགོས་པ་ལས་རིམས་ནད་དེ་ཆབ་སྲིད་ཀྱི་གོ་མཚོན་དུ་སྤྱོད་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་ཀྱི་གོང་གསལ་གྱི་རྣམ་འགྱུར་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     “རྒྱལ་ཁབ་ཁག་གཅིག་གིས་རིམས་ནད་་ལ་ཁ་གཡར་ནས་ཀྲུང་གོར་མིང་ཆད་ངན་པ་བཟོ་བ་དང‘མ་ཉེས་ཁ་གཡོགས་བྱེད་པའི’བྱེད་སྤྱོད་ལ་དམིགས་ཏེ་ཙུང་ཐུང་ཕུའུ་ཅིང་དང་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་བཅས་ཚང་མས་ངོ་རྒོལ་གྱི་ལངས་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་ཀྲའོ་ལི་ཅན་གྱིས་བཤད་པ་དང་། ཁོང་གིས་ཉིན་ཤས་གོང་ཨུ་རུ་སུའི་སྲིད་ཕྱོགས་དང་རིག་གཞུང་ལས་རིགས་ཀྱི་མི་སྣ་མང་པོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་བདེན་འཛིན་དྲང་གཏམ་བཤད་དེ། “མིག་ལྔའི་མནའ་འབྲེལ”གྱིས་ཁྱབ་བསྒྲགས་བྱས་པའི“ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཆ་འཕྲིན་སྦ་གསང་བྱས་པའི་སྙན་ཞུ”ཞེས་པར་ཁུངས་ལུང་མེད་ས་བསྟན་ཡོད། “ཨུ་རུ་སུ་ཕྱོགས་ཀྱི་གཞུང་དྲང་གི་ལངས་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
     ཁོང་གིས་ཨུ་རུ་སུ་ཕྱོགས་ཀྱི་ལངས་ཕྱོགས་དེ་ལས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཆུ་ཚད་མཐོ་པོ་གང་ལེགས་མཚོན་པ་དང་ཕྱར་བ་གྲུ་འདེགས་དང་། མཐུན་སྒྲིལ་རོགས་རེས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བ་བཅས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཙོ་རྒྱུན་སྐད་སྒྲ་ཞིག་ཡིན་པ་ར་སྤྲོད་ནུས་ལྡན་ཐུབ་ཡོད། “ཀྲུང་གོ་ཕྱོགས་ལ་དོན་མེད་སྐྱོན་འཛུགས་བྱེད་པ་དང་། རིམས་ནད་ཀྱི་གནད་དོན་ཐད་དཀར་ནག་གོ་ལྡོག་བྱེད་པ། རྒྱལ་ཁབ་གཞན་དག་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱེད་སྤྱོད་དེ་དག་མིའི་བློ་ལ་མི་འབབ་པ་ཞིག་ཡིན་ལ་ལམ་ལྷོངས་གཏན་ནས་ཡོང་མི་སྲིད”ཅེས་བརྗོད་པ་རེད།