འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་12ཉིན།

༄༅༎གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཨ་རིར་ཐོན་པའི་ཏོག་གསར་གློ་ཚད་ལས་གྲོངས་པའི་
ནད་དཔེ་ཁྲི་8ལས་བརྒལ་ཡོད་པ་བསྟན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་12ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིའི་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་11ཉིན་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཨ་རིར་རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་ཁྲི་8ལས་བརྒལ་ཡོད་པ་རེད།
     གྲངས་གཞི་ལས་མངོན་པར་གཞིགས་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་11ཉིན་གྱི་ཆུ་ཚོད་16དང་སྐར་མ་32(པེ་ཅིང་གི་དུས་ཚོད་ཚེས་12ཉིན་གྱི་ཆུ་ཚོད་4དང་སྐར་མ་32)ཐོག་ཨ་རིར་རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་80087ཟིན་ཡོད་པ་རེད།
     གྲངས་གཞི་ལས་མངོན་པར་གཞིགས་ན། ཨ་རིར་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་པའི་ནད་དཔེ་1344512ཟིན་ཡོད་པ་རེད། རིམས་ནད་ཚབས་ཆེ་ཤོས་ཀྱི་ཉིའུ་གཡོད་མངའ་སྡེ་རུ་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་337055ཟིན་པ་དང་། རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་26682ཟིན་ཡོད་པ་རེད། གཞན་ཡང་། ཤིན་ཙེ་ཤིས་མངའ་སྡེ་རུ་རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་9340ཟིན་པ་དང་། མ་ས་ཀྲུའུ་སའེ་མངའ་སྡེ་རུ་རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་4979ཟིན་པ་དང་སྨི་ཤིས་ཀེན་མངའ་སྡེ་རུ་གྲོངས་པའི་ནད་དཔེ་4584ཟིན་ཡོད་པ་རེད།