འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་12ཉིན།

༄༅༎ཏང་ཡོན་དང་བླངས་པས་ཞིང་པར་ཤིས་ཀྭ་འཐུ་རོགས་བྱེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་12ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཏང་ཡོན་དང་བླངས་པས་ཞིང་པར་ཤིས་ཀྭ་འཐུ་རོགས་བྱེད།
     མིག་སྔ་ནི་ཤིས་ཀྭ་ཁྲོམ་རར་འདོན་པའི་དུས་ཡིན་པ་དང་། ལས་མི་མི་འདང་བའི་རྐྱེན་གྱིས་ཤིས་ཀྭ་སོས་པ་ཁྲོམ་རར་འདོན་རྒྱུ་འཐུས་ཤོར་མི་འགྲོ་བའི་ཆེད་དུ་ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཏའོ་རྫོང་སི་མ་ཆའོ་གྲོང་རྡལ་གྱིས་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་མཉམ་དུ་ཞིང་དུད་ལ་དུས་ཐོག་ཏུ་ཤིས་ཀྭ་འཐུ་རོགས་བྱས་པ་དང་ཤིས་ཀྭ་སོས་པ་ཁྲོམ་རར་འདོན་རོགས་བྱས་ནས་ཐོན་འཕར་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད། ཉེ་བའི་ལོ་ཤས་རིང་། ཡུང་ཀྲོའུ་གྲོང་ཁྱེར་ཏའོ་རྫོང་གིས“གྲོང་རྡལ་རེར་ཐོན་ལས་རེ་དང་གྲོང་ཚོ་རེར་སྣ་ཁ་རེ”དང“ཆེད་ལས་མཉམ་ལས་ཁང་དང་ཞིང་དུད་དབུལ་པོ་ཟུང་དུ་འབྲེལ་བའི”བྱ་ཐབས་ཁྱབ་གདལ་ཧུར་ཐག་བཏང་ནས་ཀྭ་རིགས་དང་། སྔོ་ཚལ། ཤ་མོ་སོགས་དཔལ་འབྱོར་རྣམ་པའི་ཞིང་ལས་ཐོན་ལས་འཕེལ་རྒྱས་བཏང་བས་ཞིང་དུད་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོར་གྱུར་ཡོད་པ་རེད། འདི་ནི་ཟླ་5ཚེས་10ཉིན། ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཏའོ་རྫོང་སི་མ་ཆའོ་གྲོང་རྡལ་ཧྭ་ཧྲན་གྲོང་ཚོར་ཏང་ཡོན་དང་བླངས་པས་འདེབས་འཛུགས་དུད་ཚང་ཆེ་མོར་ཤིས་ཀྭ་འཐུ་རོགས་བྱེད་བཞིན་པ།