འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་12ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་བསྟན་དོན། སློབ་འགོ་བསྐྱར་འཛུགས་དང་
སློབ་ཚན་སླར་གསོ་བྱས་པ་དང་སྦྲགས་ཚན་རིག་དང་མཐུན་པའི་ངང་མིག་སྲུང་སྐྱོང་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་12ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་9ཉིན་གྱི་ཆུ་ཚོད་24བར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལ་ད་ཡོད་གཏན་འཁེལ་བའི་ནད་དཔེ་148ཁྲོད་ནད་ཚབས་ལྕི་བའི་ནད་དཔེ་13ཡོད་ཅིང་། བསྡོམས་རྩིས་བྱས་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ་ཁྱོན་78120དང་། གྲོངས་པའི་ནད་དཔེ་ཁྱོན་4633 སྙན་སེང་ཞུས་པའི་གཏན་འཁེལ་བའི་ནད་དཔེ་ཁྱོན་82901ད་ཆ་དོགས་ཡོད་ནད་དཔེ་4བཅས་ཡོད་པ་དང་། ནད་རྟགས་མེད་པའི་ནད་དཔེ་20མང་དུ་སོང་བའི་ཁྲོད་མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ་1དང་། ཉིན་དེར་གཏན་འཁེལ་བའི་ནད་དཔེ་1 ཉིན་དེར་གསོ་རིག་ལྟ་ཞིབ་ཀྱི་དུས་ཚོད་ཐིམས་པའི་ནད་དཔེ་61གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་དཔེ་794 དང་དེའི་ཁྲོད་མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ་48བཅས་ཡོད་པ་རེད། ཟླ་5ཚེས་9ཉིན་ས་ཆ་དེ་རང་ལ་འདུ་འཛོམས་རང་བཞིན་གྱི་རིམས་ནད་བསྐྱར་དུ་ཐོན་ནས་རྒྱལ་ཡོངས་སུ་ས་ཆ་དེ་རང་གི་གཏན་འཁེལ་ནད་དཔེ་12མང་དུ་སོང་ནས་ཟླ་3ཚེས་11ཉིན་ཚུན་མང་ཤོས་སུ་སླེབས་ཡོད་པ་རེད།
     ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་སྡེ་ཚན་དང་རིགས་གཅིག་མཁས་ཅན་གྱིས་རིམས་ནད་ཐོན་རིང་རྒྱང་གྲིབ་སྔོན་འགོག་གི་གནད་དོན་ཐད་ཚན་རིག་ཁྱབ་སྤེལ་གཏོང་དགོས་ཞེས་བསྟན་ཡོད།
     རིམས་ནད་ཐོན་རིང་། བྱིས་པ་དང་གཞོན་ནུ་ལོ་ཆུང་གིས་གློག་རྡུལ་ཐོན་ཟོག་བེད་སྤྱོད་བྱེད་དྲགས་པའི་རྐྱེན་གྱིས་རྒྱང་གྲིབ་ཕོག་པ་དང་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཆེ་རུ་སོང་ཡོད། ཉེ་དུས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རིང་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་གྲིབ་སྔོན་འགོག་གི་ལམ་སྟོན》ཞེས་པ་བཀྲམ་པ་དང་། དེའི་ནང་རང་བྱུང་འོད་ཀྱི་མཐུན་རྐྱེན་འོག་ཕྱི་རོལ་ལ་འགུལ་སྐྱོད་མང་ཙམ་བྱེད་དགོས་པ་བསྟན་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཆེད་དོན་ལྟ་ཞིབ་པ་ཝང་པིན་གྱིས་ཕྱི་རོལ་ལ་འགུལ་སྐྱོད་འོས་འཚམ་བྱེད་པ་དེས་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་རྒྱང་གྲིབ་ཕོག་རྒྱུ་སྔོན་འགོག་དང་ཚོད་འཛིན་ཐུབ་རྒྱུར་ཧ་ཅང་་གནད་འགག་ཆེ་བའི་ནུས་པ་ལྡན་ཡོད། རྒྱང་གྲིབ་ཕོག་པའི་ཕྲུ་གུ་ལའང་དེ་ལྟར་བྱས་ན་རྒྱང་གྲིབ་ཇེ་སྡུག་ཏུ་འགྲོ་བར་ཚོད་འཛིན་བྱེད་ཐུབ། རིམས་ནད་ཐོན་པའི་རིང་། ཕྱི་རོལ་ལ་འགུལ་སྐྱོད་བྱེད་སྐབས་མི་མང་པོ་འདུ་འཛོམས་མི་བྱེད་པ་དང་ལྷག་པར་དུ་ཁྱིམ་བདག་གིས་ཕྲུ་གུའི་ལག་པ་གཙང་མ་ཡོང་བར་དོ་སྣང་བྱེད་དགོས་ཞེས་བཤད་པ་དང་། ཁོང་གིས་ཉིན་ལྟར་ཕྲུ་གུ་ཕྱིར་འགུལ་སྐྱོད་ཆུ་ཚོད་2ཡན་ཐུབ་རྒྱུ་འགན་ལེན་བྱེད་དགོས། རྒྱང་གྲིབ་ཕོག་པའི་ཕྲུ་གུར་ངེས་པར་དུ་ཕྱི་ལ་འགུལ་སྐྱོད་བྱེད་མང་དུ་གཏོང་དགོས་ཞེས་བཤད།
     པེ་ཅིང་གྲོང་ཁྱེར་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་སློབ་གྲྭའི་འཕྲོད་བསྟེན་ཁང་གི་འགོ་འཛིན་ཀུའོ་ཤིན་གྱིས་གྲོས་འགོ་བཏོན་དོན། སློབ་ཚན་སླར་གསོ་བྱས་རྗེས་སློབ་གྲྭས་སློབ་ཁང་གི་སྒྲོག་ཙེ་སྒྲིག་སྟངས་དང་དཀར་ཆར་དོ་སྣང་བྱེད་དགོས་པ་དཔེར་ན། སློབ་ཁང་གི་ཤེལ་ཏོག་ཟླ་རེར་ཐེངས་རེ་འཕྱིད་དགོས་པ་དང་། སྟར་པ་མདུན་གྱི་སྒྲོག་ཙེ་དང་ནག་པང་གི་བར་ཐག་སྨི་2.2ལས་མི་ཐུང་བ་འཇོག་དགོས་པ། སྒྲོག་ཙེ་སྟར་པ་གཉིས་ཀྱི་བར་ཐག་སྨི་0.6ལས་མི་ཐུང་བ་འཇོག་དགོས།
     “སློབ་གྲྭ་ནི་རྒྱང་གྲིབ་སྔོན་འགོག་དང་ཚོད་འཛིན་བྱ་ཡུལ་གཙོ་བོ་ཞིག་ཡིན་པས། བདེ་ཐང་གི་ཤེས་བྱ་བསླབ་རྒྱུ་ནི་ཕྲུ་གུ་ཚོས་མིག་སྲུང་སྐྱོང་བྱེད་པའི‘མིག་སྨན་ཡག་ཤོས’ཤིག་ཡིན”ཞེས་ཝང་པིན་གྱིས་བཤད། ཁོང་གིས། སློབ་གྲྭས་ངེས་པར་དུ་བདེ་ཐང་སྐོར་གྱི་སློབ་གསོ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་མས་རང་འགུལ་ངང་རྒྱང་གྲིབ་སྔོན་འགོག་བྱེད་པ་དང་ཉིན་ལྟར་འཆར་ཅན་ངང་སློབ་མར་མིག་བདེ་སྲུང་གི་སྦྱོང་བརྡར་བྱ་རྒྱུར་མཛུབ་ཁྲིད་དང་། རིམས་ནད་རིང་ལག་པས་མིག་ལ་འཕུར་འཕུར་མི་གཏོང་བའི“མིག་གི་སྦྱོང་བརྡར”གྱིས་ཚབ་བྱེད་པ་མ་ཟད། སློབ་གྲྭས་ངེས་པར་དུ་ཁྱིམ་ཚང་དང་སློབ་གྲྭ་མཉམ་འགུལ་ཡོང་བར་ཤུགས་སྣོན་བརྒྱབ་ནས་རྒྱང་གྲིབ་སྔོན་འགོག་གི་ཤེས་བྱ་ཁྱིམ་བདག་ལ་ཤེས་སུ་བཅུག་སྟེ། ཁྱིམ་བདག་གིས་རང་དཔེ་གཞན་སྟོན་ངང་ཕྲུ་གུར་མིག་སྲུང་སྐྱོང་བྱེད་པའི་མིག་དཔེ་འདོན་རྒྱུར་ལྟ་སྐུལ་བྱེད་དགོས་ཞེས་བཤད།