འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་12ཉིན།

༄༅།།གཙོད་གཞི་ཁྱོན་ཆེན་པོས་གནས་སྤོ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་12ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་། ཤིན་ཅང་ཨར་ཅིན་ཧྲན་རི་བོ། བོད་ཀྱི་བྱང་ཐང་སོགས་ས་གནས་ཀྱི་གཙོད་ཁུ་ཁུ་ཤིས་རིའི་ལྟེ་བའི་ཁུལ་དུ་གནས་སྤོས་ཏེ་ཕྲུག་བཙའ་བྱེད་འགོ་ཚུགས་པ་རེད།
    ལྟ་ཞིབ་ལས་མངོན་པར། ཟླ་4ཚེས་30ཉིན་ཁུ་ཁུ་ཤིས་རིའི་རི་སྐྱེས་སྲོག་ཆགས་བགྲོད་ལམ་བརྒྱུད་གཙོད་ཕྲུག་བཙའ་སར་བསྐྱོད་པའི་གཙོད་མོ་ཡི་ནང་གཙོད་མོ་43མཚོ་བོད་གཞུང་ལམ་བརྒྱུད་བསྐྱོད་པ་དང་ཁུ་ཁུ་ཤིས་རིར་བསྐྱོད་པའི་དུས་ཚོད་ན་ནིང་དང་བསྡུར་ན་གཟའ་འཁོར་གཅིག་གིས་སྔ་བ་ཡོད་པ་རེད།
    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོའི་ཁུལ་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཀྲའོ་ཤིན་ལུའུ་ཡིས“མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3002ཀྱི་ས་དང་མཚོ་བོད་ལྕགས་ལམ་སྨུག་སའི་སྲོག་ལམ་གྱི་ཟམ་ཆེན་བྱང་མ་ནི་གཙོད་གནས་སྤོས་དང་གཙོད་ཕྲུག་བཙའ་སར་སྐྱོད་སའི་བགྲོད་ལམ་གཙོ་བོ་རེད། ཟླ་4ཚེས་30་ཉིན་ནས་ད་བར་ཉིན་ལྟར་གནས་དེ་དག་ནས་བསྐྱོད་པ་དང་ཟླ་5ཚེས་7ཉིན་བར་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3002ཀྱི་ས་ནས་བསྐྱོད་མཁན་གཙོད་590ཟིན་ཡོད”ཅེས་བརྗོད་བྱུང་།
     གཙོད་བདེ་བླག་ངང་གནས་སྤོ་ཐུབ་པའི་འགན་ལེན་བྱ་ཆེད། ཟླ་བཞི་པ་ནས་བཟུང་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུ་ཁུལ་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་ཡིས་ལས་དོན་མི་སྣར་བརྙན་ལམ་ནས་ལྟ་ཞིབ་དང་སྐོར་གཡེང་བྱེད་དགོས་པ་དང་། གལ་ཏེ་གཙོད་གཞུང་ལམ་དུ་བསྐྱོད་པ་ཤེས་ན། མགྱོགས་མྱུར་བཀག་ནས་རི་སྐྱེས་སྲོག་ཆགས་འགྲོ་ས་ནས་འགྲོ་རུ་བཅུག་སྟེ། མིའི་རིགས་ཀྱི་འགོག་རྐྱེན་མི་ཕོག་པའམ་ཡང་ན་ཉུང་ཙམ་ཕོག་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     སྔོན་དཔག་བྱས་པར་གཞིགས་ན། འདི་ལོ་གཙོད་གནས་སྤོ་བ་དང་གཙོད་ཕྲུག་བཙའ་བའི་དུས་ཚིགས་ཟླ་བདུན་པའི་ཟླ་མཇུག་ནས་འགོ་བཙུགས་ཏེ་ཟླ་བརྒྱད་པའི་ཟླ་འགོར་མཇུག་འགྲིལ་རྒྱུ་ཡིན་ཞིང་། དེའི་རིང་ལས་དོན་མི་སྣས་གཙོད་བདེ་བླག་ངང་སྒྲོལ་རྒྱུར་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད།