འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་11ཉིན།

༄༅༎སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་དབྱང་དང་རྒྱལ་ཁབ་
ལས་ཁུངས་ཚན་པ་35ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ(ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་)དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། འཕྲལ་བསྟུན་དོ་དམ་པུའུ། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་དབྱང་ཡིག་ཚགས་ཁང་། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་འགྲེམས་སྤེལ་བྱ་གཞག་ཅུས། མི་དམངས་ཉིན་རེའི་ཚགས་པར་ཁང་། བདེན་འཚོལ་དུས་དེབ་ཁང་། འོད་ཟེར་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་། ཀྲུང་གོ་གནམ་གཤིས་ཅུས། རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས། རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། རྒྱལ་ཁབ་རིག་དངོས་ཅུས། ཀྲུང་གོ་ས་ཡོམ་ཅུས། རྒྱལ་ཁབ་རྡོ་སོལ་གཏེར་ཁུལ་བདེ་འཇགས་ལྟ་སྐུལ་ཅུས། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་། ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པ། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་དཔེ་སྐྲུན་ཚོགས་པ་ཀུང་སི་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཚན་པའི་ཏང་རྩ་འཛུགས་35ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུ་རེད།