འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་11ཉིན།

༄༅༎ཇོ་མོ་གླང་མ་སྲུང་སྐྱོང་བྱ་ཆེད་ས་བབ་མཐོ་ཚད་སྨི་6500ཟིན་པའི་སར་གད་སྙིགས་སྒྲུག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཇོ་མོ་གླང་མ་སྲུང་སྐྱོང་བྱ་ཆེད་ས་བབ་མཐོ་ཚད་སྨི་6500ཟིན་པའི་སར་གད་སྙིགས་སྒྲུག་པ།
     ཟླ་5ཚེས་9ཉིན་བོད་ལྗོངས་གནས་རི་ཀུང་སིའི་རི་མཐོའི་རོགས་ལས་མི་སྣ་དང་རི་འཛེག་ལམ་སྣེ་ཁྲིད་མཁན་གྱིས་ས་བབ་མཐོ་ཚད་སྨི་6500ཟིན་པའི་ཇོ་མོ་གླང་མའི་མདུན་སྐྱོད་སྒར་སར་ངལ་གསོའི་དུས་ཚོད་བེད་སྤྱད་དེ། སྒར་སའི་ཉེ་འཁོར་གྱི་ལྕགས་ཀྲིན་དང་འགྱིག་ཁུག་སོགས་འཚོ་བའི་གད་སྙིགས་དང་། དེ་བཞིན་ཅིའུ་ཅིང་གི་ཐབ་དང་། གུར་རྙིང་པ། གསོ་རླུང་གི་དམ་བི་རྙིང་པ། རི་འཛེག་ཐག་པ་སོགས་གད་སྙིགས་ཆེ་རིགས་སྒྲུག་པ་རེད། 2006ལོར་བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ་དང་། ལོ་བཅུ་ལྷག་ཙམ་རིང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་རི་རྩེ་གཙང་སེལ་གྱི་བྱེད་སྒོ་ཐེངས་མང་སྤེལ་བར་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་ལ་དགའ་པོ་ཡོད་མཁན་མང་པོ་ཞིག་གི་བསྔགས་བརྗོད་ཐོབ་ཡོད། འདི་ནི་བོད་ལྗོངས་གནས་རི་ཀུང་སིའི་རི་མཐོའི་རོགས་ལས་མི་སྣ་དང་རི་འཛེག་ལམ་སྣེ་ཁྲིད་མཁན་གྱིས་ས་བབ་མཐོ་ཚད་སྨི་6500ཟིན་པའི་མདུན་སྐྱོད་སྒར་སར་གད་སྙིགས་སྒྲུག་བཞིན་པ།