འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་10ཉིན།

༄༅།།ལང་ཚོ་སྐྱེས་སུ་ཕུལ་ནས་གངས་ལྗོངས་ཀྱི་ནགས་ཚལ་བརྟན་པོར་བསྲུངས།

—— བོད་ལྗོངས་ནགས་ཚལ་མེ་ཟོན་རུ་ཆེན་གྱི་རུ་དཔོན་ཞིག་གིས་ས་མཐོར་བཅངས་པའི་བརྩེ་སེམས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་10ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཁུང་ཐེ་ཐེས་མེ་སྐྱོན་ཐོན་ཡུལ་དུ་བཀོད་འདོམས་བྱེད་བཞིན་པ།
འདི་ནི་ཁུང་ཐེ་ཐེས་མེ་སྐྱོན་ཐོན་ཡུལ་དུ་བཀོད་འདོམས་བྱེད་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོའུ་ཅེ་དང་། ཁྲེན་ཧྲང་ཚའེ། ཚའོ་ཕུང་ཡོན་བཅས་ཀྱིས།
    2002ལོར་ལུས་ལ་ལྗང་མདོག་གི་དམག་ཆས་གྱོན་ཏེ་གངས་ལྗོངས་ས་མཐོར་སླེབས་པ་ནས་ད་ཆ་དམར་སེར་གྱི་དམག་ཆས་གྱོན་ནས་ནག་ཆུ་བརྟན་སྲུང་བྱེད་པའི་བར། ལོ་36ལ་སླེབས་པའི་ཁུང་ཐེ་ཐེས་གངས་ལྗོངས་ས་མཐོའི་ནགས་ཚལ་སྟུག་པོ་ལོ་བཅོ་བརྒྱད་བརྟན་སྲུང་བྱས།
    2016ལོར་ལྷོ་ཁ་གྲོང་ཁྱེར་གྱི་རི་ཁུལ་ཞིག་ཏུ་མེ་སྐྱོན་ཐོན་པས། ཁུང་ཐེ་ཐེས་ནགས་ཚལ་མེ་གསོད་པའི་རུ་སྣེ་ཁྲིད་དེ་མེ་གསོད་པར་བསྐྱོད། མེ་གསོད་སྐབས་གློ་བུར་དུ་དྲག་རླུང་ལྡང་བས་མེ་དེ་མུར་ཁོང་ཚོ་ཡོད་སའི་སྡོང་ཕྲན་ནགས་ཚལ་དུ་མཆེད་དེ་མེ་གསོད་པ་དེ་དག་མེའི་ཁྲོད་དུ་ལུས་ནས་ཉེན་ཁའི་གནས་སུ་གྱར།
    རིམ་པ་གཉིས་པའི་མེ་གསོད་པ་ཀྲའོ་ཨེན་དབྱི་ཡིས། དེ་དུས་གལ་ཏེ་བློ་ཁོག་ཆེན་པོས་བྲོས་ཐབས་བྱས་མེད་ཚེ་ཚང་མ་ཤི་རྒྱུ་རང་རེད་ཅེས་དྲན་གསོ་བྱེད་བཞིན་བཤད།
    ཉེན་ཁའི་དུས་སུ་ཁུང་ཐེ་ཐེས་མདུན་དུ་ཤོར་ཏེ་མེ་གསོད་པ་ཚོའི་སྣེ་ཁྲིད་ནས་མེ་ཕུང་ཁྲོད་ནས་ཕྱིར་བྲོས། དེ་ལྟར་ཁུང་ཐེ་ཐེའི་གྱོན་གོས་ཕལ་ཆེ་བ་མེས་འཚིགས་ནས་ལུས་པོར་འཆིག་རྨས་མང་པོ་བྱུང་ཡོད།
    2018ལོར་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་དུ་མེ་སྐྱོན་ཐོན་པས་ཁུང་ཐེ་ཐེས་རུ་སྣེ་ཁྲིད་དེ་མེ་གསོད་པར་བསྐྱོད། ལྷགས་པ་ཇེ་ཆེར་ཕྱིན་པས་ནགས་གསེབ་ཏུ་མེ་ཆེན་པོ་ཐེངས་གཉིས་ཤོར། མེ་ཇེ་ཆེར་འགྲོ་བ་མཐོང་འཕྲལ་ཁོང་གིས་རུ་སྣེ་ཁྲིད་དེ་རོགས་སྐྱོབ་མཉམ་འབྲེལ་རུ་ཁག་གི་རུ་མི་80ལྷག་ཙམ་ཉེན་ཁ་ལས་བསྐྱབས།
     2019ལོའི་ཟླ་6པར་ཁུང་ཐེ་ཐེ་ནག་ཆུ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་རུ་དཔོན་ལ་བསྐོས། ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་ནག་ཆུའི་ས་ཆ་ཕལ་ཆེ་བར“དཀའ་ཚེགས་ཆེ་བའི་ཁུལ”ཞེས་འབོད་ཀྱི་ཡོད། གསོ་རླུང་དཀོན་ལ་རླུང་ཆེན་དྲག་ཏུ་འཚུབ་པ་ནི་ཡུལ་དེ་གའི་རྒྱུན་གཏན་གྱི་སྣང་ཚུལ་ཞིག་རེད།
    རུ་མི་འགའ་ཞིག་གིས་ས་བབ་མཐོ་ཁུལ་དུ་གཟུགས་པོར་སྦྱོང་བརྡར་བྱེད་པར་སེམས་ཁྲལ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁུང་ཐེ་ཐེས་རུ་སྣེ་ཁྲིད་དེ་རྡོག་ཁྲེས་ཁྱེར་ནས་སྤྱི་ལེ་5ཡི་སར་རྒྱང་རྒྱུག་གློད་ཀྱི་ཡོད་པ་དང་། ཁོང་གིས་ཆུ་རྐྱལ་ཤེས་ཀྱི་མེད་རུང་ལོ་ཆུང་རུ་མི་ཚོ་དང་མཉམ་དུ་ཆུ་རྐྱལ་ཁང་དུ་སྦྱོང་བརྡར་ལ་འགྲོ་ཡི་ཡོད།
    ལོ་26ལ་སླེབས་པའི་རིམ་པ་གསུམ་པའི་མེ་གསོད་པ་ཚེ་རིང་ཆོས་ལྡན་ཁུང་ཐེ་ཐེ་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་ནང་ཞུགས་ནས་ལོ་5འགྲོ་ཡི་ཡོད། “སྦྱོང་བརྡར་བྱེད་རིང་རུ་དཔོན་ལགས་ཧ་ཅང་ནན་པོ་ཡོད། འོན་ཀྱང་འཚོ་བའི་ཁྲོད་ཁོང་ནི་ང་ཚོའི་གཉེན་ཉེ་དང་འདྲ་བར་རྟག་ཏུ་ང་ཚོར་བོད་ཐུག་དང་། རྩམ་པ། ཇ་བསྲུབས་མ་བཅས་སྟེར་གྱི་འདུག”ཅེས་ཚེ་རིང་ཆོས་ལྡན་གྱིས་བཤད།
   “ན་གཞོན་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཕྲག་ཐོག་གི་འགན་འཁྲི་འཁུར་ཕོད་པར་བྱེད་དགོས། ལྗང་མདོག་གི་དམག་ཆས་དམར་སེར་གྱི་དམག་ཆས་ལ་གྱུར་ཏེ། དམག་ཆས་ཀྱི་ཚོས་གཞིར་འགྱུར་ལྡོག་ཕྱིན་རུང་གངས་ལྗོངས་ས་མཐོ་བརྟན་སྲུང་བྱེད་པའི་ང་ཚོའི་ལྷད་མེད་བརྩེ་སེམས་ནམ་ཡང་འགྱུར་མི་སྲིད”ཅེས་ཁུང་ཐེ་ཐེས་བློ་རྩ་བརྟན་པོས་བཤད། 
【1】  【2】
འདི་ནི་ནག་ཆུ་མེ་ཟོན་རུ་ཆེན་གྱི་མེ་གསོད་བཀོད་འཐབ་པ་ཚོས་སྤྱི་ལེ་30ཡི་སར་རྐང་ཐང་མར་སྐྱོད་པའི་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་ནག་ཆུ་མེ་ཟོན་རུ་ཆེན་གྱི་མེ་གསོད་བཀོད་འཐབ་པ་ཚོས་སྤྱི་ལེ་30ཡི་སར་རྐང་ཐང་མར་སྐྱོད་པའི་སྦྱོང་བརྡར་བྱེད་བཞིན་པ།