འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་9ཉིན།

༄༅༎ཨ་རིའི་ཙུང་ཐུང་གཞོན་པ་ཕེང་སིའི་གསར་འགྱུར་དྲུང་ཡིག་ལ་ཏོག་གསར་ནད་དུག་གི་ཞིབ་དཔྱད་ཚད་ལེན་
བྱས་པ་ལས་་གདགས་གཤིས་མངོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་09ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་8ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཙུང་ཐུང་གཞོན་པ་ཕེང་སིའི་གསར་འགྱུར་དྲུང་ཡིག་ཁའེ་ཏི་སྨི་ལེར་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་འབྲས་ནི་གདགས་གཤིས་ཡིན་པ་ར་སྤྲོད་བྱས་ཡོད།
     ཐེ་རོན་ཕུས་དེ་ཉིན་ཕོ་བྲང་དཀར་པོར་སྤྱི་མཐུན་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མི་དང་ཐུག་འཕྲད་བྱེད་སྐབས་དུས་ཡུན་རིང་པོའི་ནང་སྨི་ལེའི་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཧ་ཅང་ཡག་པོ་ཡོད་མོད། འོན་ཀྱང་ཚེས་8ཉིན་ཞིབ་དཔྱད་ཚད་ལེན་བྱས་འབྲས་གློ་བུར་དུ་གདགས་གཤིས་མངོན་ཡོད་ཅེས་བརྗོད་པ་རེད། ཁོང་གིས་ཁོང་དང་སྨི་ལེ་དབར་འབྲེལ་ཐུག་མེད་མོད། འོན་ཀྱང་སྨི་ལེ་དང་ཕེང་སི་དབར་རྒྱུན་དུ་འབྲེལ་ཐུག་ཡོད་ཅེས་བརྗོད།
     སྨི་ལེ་ཡིས་ཉིན་དེར་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཀུང་སིའི་བཅར་འདྲི་དང་ལེན་བྱེད་སྐབས་ཚེས་7ཉིན་ཁོ་མོའི་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྲིབ་གཤིས་ཡིན་པ་དང་ཚེས་8ཉིན་གདགས་གཤིས་ཡིན། མིག་སྔར་ནད་འགོས་པའི་ནད་རྟགས་ཐོན་མེད་ཅེས་བརྗོད།
     ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྨི་ལེ་ཡིས་རྒྱུན་དུ་ཕོ་བྲང་དཀར་པོའི་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ཚོགས་ཆུང་དང་འབྲེལ་གཏུག་བྱེད་ཀྱི་ཡོད་པ་དང་འབྲེལ་སྨྱན་སྦྱོར་གྱི་གསར་འགོད་པ་དང་འབྲེལ་གཏུག་བྱས་ཀྱི་ཡོད། ཁོ་མོ་ནི་ཕོ་བྲང་དཀར་པོའི་མཐོ་རིམ་བློ་འདྲི་བ་སི་ཏི་ཧྥུན་སྨི་ལེ་ཡི་ཆུང་མ་ཡིན་པ་རེད།
     ཚེས་8ཉིན་གྱི་སྔ་དྲོ་ཕེང་སི་གནམ་གྲུ་བསྡད་དེ་ཨའེ་ཨའོ་ཝ་མངའ་སྡེར་ཕྱིན་མོད། འོན་ཀྱང་ཁོང་སྡོད་སའི་ཆེད་གཏོང་གནམ་གྲུ་དེ་ཆུ་ཚོད་གཅིག་ཙམ་འགོར་འགྱངས་བྱས་ནས་འཕུར་སྐྱོད་བྱས་པ་དང་མི་འགའ་ཞིག་གནམ་གྲུ་མ་འཕུར་གོང་ནས་གནམ་གྲུ་ནས་བབས་ཡོད།
     སྨི་ལེ་ནི་ཕིང་སི་གཞུང་དོན་ཁང་གི་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་འབྲས་གདགས་གཤིས་སུ་མངོན་པའི་ལས་མི་གཉིས་པ་དེ་ཡིན་པ་དང་། ནད་དཔེ་དང་པོ་དེ་ད་ལོའི་ཟླ་3པར་ཐོན་པ་རེད།
     ཕོ་བྲང་དཀར་པོས་ཚེས་7ཉིན་ཕོ་བྲང་དཀར་པོར་ཐེ་རོན་ཕུ་དང་ཁོང་གི་ཁྱིམ་ཚང་ལ་ཞབས་འདེགས་ཞུ་མཁན་ཨ་རིའི་མཚོ་དམག་གི་དངོས་ཞབས་མི་སྣ་དེའི་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་འབྲས་གདགས་གཤིས་ཡིན་པ་ར་སྤྲོད་བྱས་པ་དང་ཐེ་རོན་ཕུ་ཡིས་མི་དེ་དང་ཧ་ལམ་འབྲེལ་ཐུག་མེད་ཅེས་བཤད་པ་རེད། ཕོ་བྲང་དཀར་པོས་ཉིན་དེ་ནས་བཟུང་ཞིབ་དཔྱད་ཚད་ལེན་བྱེད་ཚད་གཟའ་འཁོར་རེར་ཐེངས་རེ་བྱེད་པ་དེ་ཉིན་རེར་ཐེངས་རེ་བྱེད་པར་བསྒྱུར་བ་རེད།