འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་7ཉིན།

༄༅།།འཇམ་དབྱངས་དཔལ་བཟང་དང་ཁོང་གི་བོད་ཆས་སྤུས་རྟགས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་07ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཇམ་དབྱངས་དཔལ་བཟང་དང་ཁོང་གི་བོད་ཆས་སྤུས་རྟགས།
   ལོ་34སླེབས་པའི་བོད་རིགས་ཕོ་གསར་འཇམ་དབྱངས་དཔལ་བཟང་གིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ“རེ་བ”གྱོན་ཆས་ཚོང་ཁང་གཉེར་སྐྱོང་བྱེད་བཞིན་ཡོད། ཚོང་ཁང་ནས་སྲོལ་རྒྱུན་གྱི་བོད་ཆས་ཕྱིར་ཚོང་བྱེད་པ་མ་ཟད། ད་དུང་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་བརྡ་རྟགས་དང་དར་སོ་ཆེ་བའི་གཞི་རྒྱུ་མཉམ་འདྲེས་ཀྱི་གྱོན་ཆས་བཟོ་ཡི་ཡོད།
    འཇམ་དབྱངས་དཔལ་བཟང་ནི་མཚོ་སྔོན་དགེ་འོས་སློབ་ཆེན་ནས་ཐོན་པ་དང་། ཆུང་དུས་ནས་ཡུལ་ཤུལ་རྩྭ་ཐང་དུ་འཚར་ལོངས་བྱུང་བས་བོད་ཆས་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ཡོད་པ་ཤེས། ཁོང་གིས་མི་དེ་བས་མང་བས་བོད་ཆས་ལ་དགའ་པོ་བྱེད་པ་དང་བོད་ཆས་ལ་བརྟེན་ནས་མི་དེ་བས་མང་བས་ཕ་ཡུལ་ཤེས་རྟོགས་ཐུབ་རེ་བྱེད་ཀྱི་ཡོད། 2013ལོར་འཇམ་དབྱངས་དཔལ་བཟང་གིས“རེ་བ”གྱོན་ཆས་ཀྱི་སྤུས་རྟགས་ཤིག་གསར་གཏོད་བྱས།
    ལོ་ཤས་རིང་འཕེལ་རྒྱས་བཏང་བ་བརྒྱུད། འཇམ་དབྱངས་དཔལ་བཟང་ལ་ཇུས་འགོད་ཀྱི་དཔུང་ཁག་ཡོད་པ་མ་ཟད། དེས་བོད་རིགས་ས་ཁུལ་གྱི་རིག་གནས་ཀྱི་གཞི་རྒྱུ་དེ་བས་མང་བ་གྱོན་ཆས་ཇུས་འགོད་ནང་མཉམ་འདྲེས་ཐུབ་པར་བྱས་ཡོད། མིག་སྔར། ཁོང་གིས་དྲ་ཐོག་དང་དྲ་ཕྱིར་གྱོན་ཆས་ཀྱི་སྤུས་རྟགས་ཆེད་ཚོང་ཁང་40ཙམ་བཙུགས་ཡོད། འདི་ནི་མཚོ་སྔོན་ཟི་ལིང་དུ་གནས་པའི་“རེ་བ”གྱོན་ཆས་ཚོང་ཁང་གི་སྦྱིན་བདག་འཇམ་དབྱངས་དཔལ་བཟང་ཡིན་པ།