འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་7ཉིན།

༄༅།།ཀྲུང་གོ་སྲིད་གཞུང་གིས་སིང་ཀ་ཕོར་ལ་རིམས་འགོག་ཁ་རས་ཞལ་འདེབས་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་07ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སིང་ཀ་ཕོར་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་ཀྲུང་གོ་སྲིད་གཞུང་གིས་སིང་ཀ་ཕོར་ལ་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་རྫས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སིང་ཀ་ཕོར་གྱི་འཕྲོད་བསྟེན་པུའུ་རུ་འཚོགས་པ་དང་སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧུང་ཞའོ་ཡུང་དང་སིང་ཀ་ཕོར་གྱི་འགྲིམ་འགྲུལ་པུའུ་དང་འཕྲོད་བསྟེན་པུའི་མཐོ་རིམ་སྲིད་དོན་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ལན་པིན་མིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་རེད།
   རིམས་འགོག་དངོས་རྫས་ནང་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་སིང་ཀ་ཕོར་ལ་ཞལ་འདེབས་ཕུལ་བའི་སྤྱོད་གཅིག་མའི་སྨན་སྤྱོད་ཁ་རས་དང་། KN95 ཁ་རས། N95ཁ་རས་བཅས་ཡོད་ཅིང་། དེ་གོང་ཀྲུང་གོའི་ཁྲུང་ཆིང་གྲོང་ཁྱེར་གྱིས་སིང་ཀ་ཕོར་ལ་རོགས་སྐྱོར་བྱས་པའི་སྤྱོད་གཅིག་མའི་སྨན་སྤྱོད་ཁ་རས་དེ་དག་ཉེ་ཆར་སིང་ཀ་ཕོར་དུ་འབྱོར་བ་རེད།
    ཚེས་5ཉིན་སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ད་དུང་སིང་ཀ་ཕོར་གྱི་རྒྱལ་ཁོངས་ཕྱིའི་ངལ་རྩོལ་བཟོ་པའི་ལྟེ་གནས་ལ་མི་དམངས་ཤོག་སྒོར་ཁྲི་50རི་བའི་འཚོ་བའི་དངོས་རྫས་ཞལ་འདེབས་བརྒྱབ་པ་དེ་དག་རིམས་ནད་ཀྱི་རྐྱེན་གྱིས་ལོགས་འཇོག་བྱེད་རིང་གི་རྒྱལ་ཁོངས་ཕྱིའི་ངལ་རྩོལ་བཟོ་པའི་འཚོ་བའི་དགོས་མཁོ་སྐོང་རོགས་བྱ་རྒྱུར་སྤྱད་པ་རེད།