འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་30ཉིན།

༄༅།།གསར་དུ་བཟོ་བཅོས་བརྒྱབ་པའི་སྲ་གཟུགས་གད་སྙིགས་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་
དེ་ཟླ་9པ་ནས་ལག་བསྟར་བྱ་རྒྱུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་30ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་29ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་བཟོ་བཅོས་བརྒྱབ་པའི་སྲ་གཟུགས་གད་སྙིགས་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2020ལོའི་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།  
   རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བཅའ་ཁྲིམས་བཟོ་བཅོས་ཐད་གནད་དོན་གྱི་ཕྱོགས་སྟོན་དང་། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་ལག་ལེན་གྱི་དགོས་མཁོར་ལན་སློག་རྒྱུ་བཅས་མངོན་གསལ་དུ་བྱས་ནས་སྲ་གཟུགས་གད་སྙིགས་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་རེད། གསར་དུ་བཟོ་བཅོས་བརྒྱབ་པའི་སྲ་གཟུགས་གད་སྙིགས་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ནང་སྲ་གཟུགས་གད་སྙིགས་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བྱེད་པར་འབོར་ཉུང་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་ཁ་གསལ་བཏོན་ཡོད། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ཤུགས་ཆེར་གཏོང་བ་དང་། དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་། ཡིད་རྟོན་ཟིན་ཐོ། མཉམ་འགོག་མཉམ་འཛིན། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཚོད་འཛིན། ཆ་འཕྲིན་ཅན་གྱི་ཁུངས་འདེད་སོགས་ཀྱི་ལམ་ལུགས་ཁ་གསལ་བཟོ་ནས་རྒྱལ་ཁབ་ཀྱིས་སྲ་གཟུགས་གད་སྙིགས་ནང་འདྲེན་མི་བྱེད་པ་རིམ་བཞིན་མངོན་འགྱུར་བྱ་རྒྱུ་ཁ་གསལ་བསྟན་ཡོད་པ་རེད།