འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་30ཉིན།

༄༅༎འདི་ལོ་བོད་ཀྱིས་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་62.53ལེགས་སྒྲུབ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་30ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་23ཉིན་བར་བོད་ཀྱིས་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་62.53ལེགས་སྒྲུབ་བྱས་ཡོད། རྫས་ལུད་ཏུན་42892.55དམིགས་སར་འབྱོར་བ་དེས་ལྗོངས་ཡོངས་ཀྱི་དགོས་མཁོའི་བསྡོམས་འབོར་གྱི་83.4%བཟུང་ཡོད། ཞིང་སྨན་ཏུན་380དགོས་མཁོ་ཡོད་པ་ནས་ཏུན་172.27དམིགས་སར་འབྱོར་ཏེ་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ས་བོན་སྨན་སྦྱོར་གྱི་སྨན་ཆུ་སོགས་དཔྱིད་འདེབས་སྨན་སྤྱོད་གྲ་སྒྲིག་གནད་འཁེལ་བྱས་པ་དང་སྨན་རྫས་གཞན་དག་གོ་རིམ་ལྡན་པའི་ངང་གཏོང་འདྲེན་བྱེད་བཞིན་ཡོད་པ་དང་། ཁྱིམ་ལུད་ཏུན་ཁྲི་503.02བསགས་ཡོད་པ་རེད། ནས་ཀྱི་ས་བོན་སྤྱི་རྒྱ་ཁྲི་3371.73དགོས་མཁོ་ཡོད་པ་ཚང་མ་གྲ་སྒྲིག་གནད་འཁེལ་བྱུང་བ་དང་། མིག་སྔར་བོད་ཀྱི་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ཁག་འཕེལ་རིམ་བདེ་བླག་ཡོད་པ་རེད།
     དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ཡག་པོ་བསྒྲུབ་ཆེད། བོད་ཀྱིས་2019ལོའི་ཟླ་10པ་ནས་བཟུང་2020ལོའི་ལྗོངས་ཡོངས་ཀྱི་ཞིང་སྤྱོད་དངོས་ཟོག་གྲ་སྒྲིག་བྱེད་འགོ་ཚུགས་ནས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཞིང་ལས་གྲོང་གསེབ་ཅུས་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་འཆར་གཞི་བཟོས་ནས《2020ལོའི་རྫས་ལུད་འཆར་གཞིའི་དམིགས་ཚད་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་བརྡ་ཐོ》བཀྲམ་པ་མ་ཟད། མ་དངུལ་སྒོར་ཁྲི་3000བཏང་ནས་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཞིང་སྨན་ཉོ་སྒྲུབ་ཐད་སྤྱད་དེ་ཞིང་སྤྱོད་དངོས་ཟོག་ཉོ་སྒྲུབ་དང་གཏོང་འདྲེན་ལས་དོན་སྤེལ་མགྱོགས་སུ་བཏང་ཡོད། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་དཔྱིད་རྨོད་དཔྱིད་གྲབས་ལས་དོན་སྔ་ཙམ་ཇུས་འགོད་བྱས་ཏེ་དཔྱིད་གསར་དུས་ཆེན་གོང་ནས《2020ལོའི་ཞིང་འབྲོག་ལས་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་གཙོ་བོ་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་བརྡ་ཐོ》བཀྲམ་ནས་ཞིང་ལས་ཐོན་སྐྱེད་ཀྱི་དམིགས་ཚད་ལས་འགན་ཁག་གསལ་སྟོན་བྱས་པ་དང་། ཟླ་4པའི་ཟླ་འགོར《ལྗོངས་ཡོངས་ཀྱི་ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་དང་སྲོག་ཆགས་ཀྱི་རིམས་འགོག་ལས་དོན་གྱི་བརྙན་ལམ་བརྡ་གཏོང་ཚོགས་འདུ》འཚོགས་ནས་ལྗོངས་ཡོངས་ཀྱི་ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་། སྔོ་ཚལ་ཐོན་སྐྱེད། དཔྱིད་རྨོད་དཔྱིད་གྲབས་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག《〈2020ལོའི་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣ་ཆིག་སྟོང་འཐབ་ས་དང་པོར་བསྐྱོད་དེ་ཞབས་ཞུའི་ལས་དོན་སྤེལ་བའི་ཇུས་གཞིའི〉བརྡ་ཐོ》བཀྲམ་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣ་2600ལྷག་ཙམ་སྒྲིག་འཛུཌ་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཞབས་ཞུ་བྱས་པ་དང་ཞིང་འབྲོག་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་གནས་ནས་གནས་དང་ཁྱོན་ནས་ཁྱོན་གྱི་ཞིང་འབྲོག་ཚན་རྩལ་གྱི་ཞབས་ཞུའི་ལས་དོན་སྤེལ་ཏེ་ཞིང་འབྲོག་ལས་ཀྱི་བཀོལ་སྤྱོད་ལག་རྩལ་དང་ཚན་རྩལ་གྲུབ་འབྲས་ཞིང་ནང་དང་འབྲོག་རར་བརྒྱུད་བསྒྲཌ་ཀྱིས་ཞིང་འབྲོག་ལས་ཐོན་སྐྱེད་ལ་རམ་འདེཌ་བྱེད་པ་དང་ཞིང་འབྲོག་ཚན་རྩལ་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ་རེད།