འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་30ཉིན།

༄༅༎2020ལོ་འཁོར་གྱི“1+1”ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པ་དང་བོད་སྐྱོར་
ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི་མིང་ཐོ་འགོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་30ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གསར་འགོད་པར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོ་འཁོར་གྱི“1+1”ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པ་དང་བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པ་བསྡུ་བའི་ལས་དོན་སྤེལ་འགོ་ཚུགས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་དང་བླངས་ཁྲིམས་རྩོད་པ་300དང་ཁྲིམས་ལུགས་ཆེད་ལས་ཀྱི་སློབ་ཆེན་ཐོན་པའི་སློབ་མ་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པ་130བསྡུས་ནས་ནང་སོག་དང་། ཤིན་ཅང་། མཚོ་སྔོན། ཀན་སུའུ་སོགས་ཀྱི་གནས་གཏན་འཁེལ་གྱི་རྣམ་གྲངས་ལག་བསྟར་ཁུལ་དུ་དུས་ཡུན་ལོ་གཅིག་གི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་བྱེད་སྒོར་ཞུགས་སུ་འཇུག་རྩིས་ཡོད་པ་དང་། དང་བླངས་ཁྲིམས་རྩོད་པ་80བསྡུས་ནས་བོད་ཀྱི“བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི”བྱེད་སྒོར་ཞུགས་སུ་འཇུག་རྩིས་ཡོད་ཅིང་། དེའི་ཁྲོད་ཀྱི་ཁྲིམས་རྩོད་པ་60ཡི་ཞབས་འདེཌ་ཞུ་བའི་དུས་བཀག་ལོ་གཅིག་ཡིན་པ་དང་། ཁྲིམས་རྩོད་པའི་ལས་དོན་ཁང་གིས་མངཌ་པའི་ཁྲིམས་རྩོད་པ་20ཡི་ཞབས་འདེཌ་ཞུ་བའི་དུས་བཀག་ལོ་ཕྱེད་ཡིན་པ། ལོ་ཕྱེད་རེར་ཐེངས་རེ་བརྗེ་པོ་རྒྱག་རྒྱུ་ཡིན་པ་རེད།
     དང་བླངས་ཁྲིམས་རྩོད་པར་གཤམ་གསལ་གྱི་ཆ་རྐྱེན་དག་ཚང་དགོས་པ་སྟེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྩི་བཀུར། ཆབ་སྲིད་ལ་སྣང་ཆེན། རང་གཅུན་ནན་པོ་ཐུབ་པ། སྤྱི་ཕན་ལས་ལ་དགའ་བ། ལེགས་སྐྱེས་ཀྱི་སྙིང་སྟོབས་བཅས་ལྡན་དགོས་པ་དང་། ཁྲིམས་རྩོད་པའི་ལག་ཁྱེར་ཡོད་པ་གང་ཞིག་ལས་ཀ་དེ་བྱས་ནས་ལོ་གསུམ་ཡན་སོང་བ། བཅའ་ཁྲིམས་ཀྱི་གནད་དོན་རང་གཅིག་པུས་ཐག་གཅོད་བྱེད་ཐུབ་པའི་འཇོན་ཐང་དང་ཉམས་མྱོང་ལྡན་པ། ལས་ཀར་དགའ་བ། འགན་སེམས་ལྡན་པ། འབྲེལ་ལམ་འཛུགས་མཁས་པ། འགལ་ཟླ་དང་རྩོད་གཞིར་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། སྲིད་འཛིན་ཆད་གཅོད་དང་། ལས་རིགས་ཆད་གཅོད། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་སོགས་ཕོག་མེད་པ། ཆང་དད་ཆེ་བ་དང་རྒྱན་འགྱེད་ལ་དགའ་བ་སོགས་ཀྱི་གོམས་གཤིས་ངན་པ་མེད་པ། གཟུགས་པོ་ཐང་བ་སོགས་ཡིན་དགོས། གཞན་ཡང“1+1”ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་ལོ་ནའི་ཚད་གཞི་ནི་ལོ་25ནས་ལོ་55བར་ཡིན་པ་དང་། དམིགས་བསལ་གྱི་ཉམས་མྱོང་ལྡན་མཁན་ལ་གནས་ཚུལ་ལ་གཞིགས་ནས་ཚད་གཞི་གུ་ཡངས་སུ་བཏང་ཆོག བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པའི་ལོ་ནའི་ཚད་གཞི་ནི་ལོ་25ནས་ལོ་45བར་ཡིན།
     གསར་འགོད་པར་ཤེས་རྟོགས་བྱུང་བར། རྣམ་གྲངས་འདིའི་ནང་ཞུགས་འདོད་པའི་དང་བླངས་ཁྲིམས་རྩོད་པ་ཚོས་ཁོངས་གཏོགས་ཁུལ་གྱི་ཁྲིམས་འཛིན་ཅུས་ཁྲིམས་རྩོད་དོ་དམ་སྡེ་ཚན་དུ་མིང་ཐོ་འགོད་དགོས་པ་དང་། ལོ་གོང་མའི་སློབ་གྲྭ་ཆེ་མོ་བའི་དང་བླངས་པ་དང་དེ་བཞིན་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་བ་ཚོས་རང་གནས་སའི་ཁྲིམས་འཛིན་ཅུས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་སུ་མིང་ཐོ་འགོད་དགོས།