འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་30ཉིན།

༄༅༎མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་5གྲབས་གཤོམ་བྱས་ཏེ་དམངས་དང་ཁེ་ལས་ལ་དྲོ་སྐྱིད་
སྦྱིན་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་30ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བརྡ་ཁྱབ་བཏང་ནས་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་5གྲབས་གཤོམ་བྱས་ཏེ་ཁྲོམ་རའི་བྱེད་པོས་དངུལ་བུན་གཡར་བར་སྐྱེད་ཀ་དམའ་རུ་གཏོང་རྒྱུ་དང་འཛད་སྤྱོད་པར་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་རེད། ད་རེས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དམངས་ལ་ཕན་པ་འདོགས་པ་དང་། ཁེ་ལས་ལ་དྲོ་སྐྱིད་སྦྱིན་པ། སྐྱོན་བྲལ་ངང་འཛད་སྤྱོད་བྱེད་པ་སོགས་སྡེབ་སྒྲིག་བྱེད་ཐབས་སྤྱད་དེ། ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་སྐུལ་བྱ་རྒྱུ་དང་། དགོས་མཁོ་ཆེ་རུ་ནུས་ལྡན་གཏོང་རྒྱུ། གྲོང་མིའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།
     བརྡ་ཁྱབ་ནང་འདི་ལོའི་ཟླ་5ཚེས་1ནས་ཟླ་10ཚེས་15ཉིན་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེབ་ཚོང་དང་། བསིལ་ཚོང་། བརྒྱ་ཟོག སྒོ་རྩིས་ཚོང་ཁང་། བཟའ་འཐུང་། ཞག་སྡོད། རིག་གནས་ཡུལ་སྐོར། སྤྱི་སྤྱོད་འགྲིམ་འགྲུལ། སྣུམ་སྣོན་ས་ཚིཌ་སོཌ་དམངས་འཚོའི་འཛད་སྤྱོད་ཁྱབ་ཁོངས་གཙོ་བོར། དམངས་ལ་ཕན་པ་འདོཌ་པ་དང་ཁེ་ལས་ལ་དྲི་སྐྱིད་སྦྱིན་པའི་སྐྱོན་བྲལ་འཛད་སྤྱོད་བྱེད་སྒོ་སྤེལ་རྒྱུ་རེད། དངུལ་ཁང་ཁག་གི་དངུལ་རྩའི་སྒྲིག་གཞིས་མི་སྒེར་གྱིས་འཛད་སྤྱོད་དངུལ་བུན་གཡར་བར་ཁེ་བཟང་བློས་གཏོང་བྱེད་པ་དང་། དངུལ་གཏོང་སྤྲོད་བྱེད་པར་གཟིཌ་སྐྱོང་དང་ཁེ་བཟང་བློས་གཏོང་བྱེད་པ། འཛད་སྤྱོད་འགྲོ་ལུཌ་གཉེར་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ། དངུལ་བུན་འཇལ་ཡུན་རྣམ་པ་སྣ་ཚོཌ་ཐོག་ནས་ནར་འགྱངས་བྱེད་པ་སོཌ་ཀྱི་བྱེད་ཐབས་མུ་མཐུད་སྤྱད་དེ། སྡོད་ཁང་དང་། རླངས་འཁོར་ཉོ་སྒྲུབ། སྡོད་ཁང་མཛེས་བཟོ། རིག་རྩལ་སྤྲོ་སྐྱིད། འབབ་འཕར་ལས་གཏོད་སོགས་འཛད་སྤྱོད་ཡིད་རྟོན་ལ་རྒྱབ་སྐྱོར་བྱེད་ཤུཌ་ཆེ་རུ་བཏང་ནས་གྲོང་མིའི་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད།