འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་29ཉིན།

༄༅༎སྐབས་24པའི“ཀྲུང་གོ་གཞོན་ནུའི་ལྔ་བཞི་གཟེངས་རྟགས”དཔྱད་འདེམས་ཁྱབ་བསྒྲགས་བྱས་པ།
བློ་བཟང་ཡེ་ཤེས་ལ་སྐབས་24པའི“ཀྲུང་གོ་གཞོན་ནུའི་ལྔ་བཞི་གཟེངས་རྟགས”རྗེས་སྤྲོད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་29ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ལྔ་བཞིའི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་སུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་སྐབས་24པའི“ཀྲུང་གོ་གཞོན་ནུའི་ལྔ་བཞི་གཟེངས་རྟགས” སྤྲད་དེ་གཞོན་ནུའི་ཁྲོད་ཀྱི་ཕུལ་བྱུང་དཔེ་མཚོན་དང་དཔེ་བཟང་འཐུས་མིར་གཟེངས་བསྟོད་བྱས་པ་རེད། ཏིང་ལེའང་ཧའོ་སོགས་བློ་མཐུན་60ལ་སྐབས་24པའི“ཀྲུང་གོ་གཞོན་ནུའི་ལྔ་བཞི་གཟེངས་རྟགས”སྤྲད་པ་དང་། པེ་ཆི་ཕུའུ་ཐེན་རྒྱལ་སྟོན་དུས་ཆེན་གྱི་ལོ་70འཁོར་བའི་མང་ཚོགས་ཁྲོམ་སྐོར་ཚོན་ལྡན་རླངས་འཁོར་གྱི་གཞི་སྒྲོམ་བཟོ་བ་དང་ལག་རྩལ་འགན་ལེན་ཚོགས་པ་སོགས་གཞོན་ནུའི་ཚོགས་པ34ལ་སྐབས་24པའི“ཀྲུང་གོ་གཞོན་ནུའི་ལྔ་བཞི་གཟེངས་རྟགས་ཐུན་མོང་ཚོགས་པ”སྤྲད་པ། བློ་བཟང་ཡེ་ཤེས་(བོད་རིགས)སོགས་བློ་མཐུན་34ལ“ཀྲུང་གོ་གཞོན་ནུའི་ལྔ་བཞི་གཟེངས་རྟགས”རྗེས་སྤྲོད་གནང་བ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། བློ་བཟང་ཡེ་ཤེས་མ་གཤེགས་སྔོན་དཀར་མཛེས་ཁུལ་སྡེ་རོང་རྫོང་སྣང་བཟང་དགོན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་ལ། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུན་ཁོང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་དང་པོར་ལས་ཀ་བྱས་ཡོད། ཟླ་3ཚེས་7ཉིན། ཁོང་ཆུ་གཡར་སྒང་ཤང་ དུ་ལས་ཀར་སྐྱོད་སྐབས་ངལ་དུབ་ཀྱིས་གློ་བུར་དུ་ཀླད་ཁྲག་ཤོར་ནས་ཚེ་ལས་འདས། ལོ་39ལས་མིན།