འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་29ཉིན།

༄༅༎ལྷ་སའི་མཁའ་དབྱིངས་སུ་ཉི་གུར་ཕུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་29ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་ཞིག་ནས་པར་བླངས་པའི་ཉི་གུར་གྱི་མཛེས་ལྗོངས་ཡིན།
འདི་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་ཞིག་ནས་པར་བླངས་པའི་ཉི་གུར་གྱི་མཛེས་ལྗོངས་ཡིན།
     མི་དམངས་དྲ་བའི་འཕྲིན། “མགྱོགས་པོར་བལྟོས་དང་། ཉི་གུར་ཕུབ་འདུག” ཟླ་4ཚེས་28ཉིན་གྱི་ཆུ་ཚོད་12ནས་ཆུ་ཚོད་14བར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་ཉི་མའི་གུར་ཁང་ཕུབ་སོང་། མགོ་བོ་ཡར་བཀྱགས་ནས་བལྟས་ཚེ། ཚོན་ཁྲ་ཅན་གྱི་འོད་ཀྱིས་ཆ་སྙོམས་པོར་བསྐོར་བའི་ཉི་མ་ནི“མིག་རྒྱན”གྱོན་པ་དང་གཉིས་སུ་མེད་པར་བཀྲག་མདངས་ལྡན། མཛེས་ལྗོངས་དེས་གྲོང་མི་དང་པར་ལེན་ལ་དགའ་པོ་བྱེད་མཁན་མང་པོའི་ཡིད་དབང་བཀུག་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་པར་བརྒྱབ་ལ། སྐབས་ཤིག་རིང་སྐད་འཕྲིན་གྱི་གྲོགས་ཚོམས་སུ་ཉི་གུར་གྱིས་ཁེངས་བར་བྱས་ཡོད།
【1】  【2】
༄༅༎ལྷ་སའི་མཁའ་དབྱིངས་སུ་ཉི་གུར་ཕུབ་པ།