འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་27ཉིན།

༄༅༎ལས་འགོ་བསྐྱར་ཚུགས་འགན་ལེན་དང་། ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་27ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་བོད་ལྗོངས་ཙང་ཡོན་ཆང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་མིས་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ལ་བྲེལ་བཞིན་ཡོད་པའི་རྣམ་པ་ཡིན།
འདི་ནི་བོད་ལྗོངས་ཙང་ཡོན་ཆང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་མིས་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ལ་བྲེལ་བཞིན་ཡོད་པའི་རྣམ་པ་ཡིན།
     མི་དམངས་དྲ་བའི་འཕྲིན། བསྟུད་མར་ཉིན་ཤས་རིང་། བོད་ལྗོངས་ཀྱིས་གོ་སྐབས་དམ་འཛིན་དང་ཉེན་ཁ་གོ་སྐབས་སུ་བསྒྱུར་ནས་ཁེ་ལས་ཀྱིས་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་མ་ཟད། ཁེ་ལས་ཀྱི་ལས་ཞུགས་ལས་གནས་བརྟན་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གཙོ་གནད་ཁེ་ལས་ཀྱིས་ལས་མི་སྤྱོད་རྒྱུ་འགན་ལེན་བྱེད་པ་དང་། ལས་གནས་སུ་ལོག་ནས་ལས་འགོ་བསྐྱར་ཚུགས་དང་རིམས་ནད་སྔོན་འགོག་ཡག་པོ་བྱེད་པ་སོགས་ཀྱི་ཐད་གནད་སྨིན་ཇུས་འདོན་བྱས་ཏེ་རིམས་ནད་ལས་བྱུང་བའི་ལས་ཞུགས་ཀྱི་གནོན་ཤུགས་སེལ་ཡོད། 
     བོད་ལྗོངས་ཙང་ཡོན་ཆང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཀྱི་ཡོད། ཁེ་ལས་དེར་འཐབ་ས་དང་པོའི་ཐོན་སྐྱེད་ལས་མི་120ཡོད་པའི་ནང་90%ཡན་ནི་ས་གནས་དེ་གའི་ཞིང་འབྲོག་པ་ཡིན་པ་དང་། ལོ་ལྟར་རིམ་རྩིས་བྱས་ན་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་30ཙམ་གྱི་ལས་ཞུགས་ཐག་གཅོད་ཐུབ་ཀྱི་ཡོད་པ་རེད།