འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་27ཉིན།

༄༅།།ཀྲུང་གོའི་དམག་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་དམག་དཔུང་ལ་རིམས་འགོག་དངོས་རྫས་མཁོ་འདོན་བྱས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་27ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོའི་དམག་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་དམག་དཔུང་ལ་རིམས་འགོག་དངོས་རྫས་མཁོ་འདོན་བྱས།
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན། རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ལས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁམ་ཕུ་ཁྲེ་ཡི་དམག་དཔུང་གི་རེ་ཞུ་ལྟར། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་གནང་བ་བརྒྱུད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཟླ་4ཚེས་25ཉིན་མཁའ་དམག་གནམ་གྲུ་མངགས་ནས་ཁམ་ཕུ་ཁྲེའི་དམག་དཔུང་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་རྫས་སྒམ་དང་། འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་དངོས་རྫས་འཕྲལ་མྱུར་གྱིས་འདོན་སྤྲོད་བྱས། 
ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་ཐོན་པའི་ཚུན། ཀྲུང་གོའི་དམག་དཔུང་གིས་ཐེངས་མང་པོར་ཕྱི་རྒྱལ་དམག་དཔུང་ལ་རིམས་འགོག་རོགས་སྐྱོར་མཁོ་འདོན་བྱས་པ་སྟེ། 
    ཟླ་3ཚེས་19ཉིན།
   ཀྲུང་གོ་དམག་དཔུང་གིས་དབྱི་རན་དྲག་དཔུང་སྟོབས་ཤུགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་རྫས་སྒམ་དང་། འགོག་སྲུང་གྱོན་ཆས། གཅིག་སྤྱོད་ཕྱི་ནད་སྨན་སྤྱོད་ཁ་རས་བཅས་མཁོ་འདོན་བྱས་ནས་དབྱི་རན་ལ་བསྐྱལ་བ།
    ཟླ་3ཚེས་24ཉིན། 
    ཀྲུང་གོ་དམག་དཔུང་གི་རིམས་འགོག་སྨན་བཅོས་ཆེད་མཁས་ཚོགས་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་ཡོ་བྱད་ཁག་ཅིག་འཁྱེར་ནས་ཁམ་ཕུ་ཁྲེ་ལ་རིམས་འགོག་ལས་དོན་སྤེལ་བར་བསྐྱོད་པ།
    ཟླ་4ཚེས་6ཉིན། 
    ཀྲུང་གོ་དང་ཕ་ཁི་སི་ཐན་དམག་དཔུང་གིས་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་ཀྱི་བརྙན་ལམ་ཚོགས་འདུ་བསྡུས། འདི་ནི་ཀྲུང་གོ་དམག་དཔུང་གིས་སྒྲིག་འཛུགས་བྱས་པའི་ཕྱི་རྒྱལ་གྱི་དམག་དཔུང་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཉམས་མྱོང་མཉམ་རོལ་བྱེད་པའི་བརྙན་ལམ་ཚོགས་འདུ་ཐོག་མ་དེ་རེད། 
    ཟླ་4ཚེས་9ཉིན།
    ཀྲུང་གོ་དང་ཨུ་རུ་སུའི་དམག་དཔུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་དམག་དཔུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྤྱིའི་གནས་ཚུལ་དང་ཉམས་མྱོང་བྱེད་ཐབས་ངོ་སྤྲོད་བྱས་པ་རེད།
    ཟླ་4ཚེས་24ཉིན།
   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་མཁའ་དམག་གནམ་གྲུ་མངགས་ནས་ཕ་ཁི་སི་ཐན་དང་། འབར་མ། ལོ་སི་བཅས་རྒྱལ་ཁབ་གསུམ་གྱི་དམག་དཔུང་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་རྫས་སྒམ་དང་འགོག་སྲུང་གྱོན་ཆས་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འཕྲལ་མྱུར་རོགས་སྐྱོར་བྱས་པ་དང་། དམག་དཔུང་གི་རིམས་ནད་འགོག་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གསུམ་གོང་གསལ་རྒྱལ་ཁབ་གསུམ་དུ་རིམས་ནད་སྔོན་འགོག་ལས་དོན་སྤེལ་བར་བཏང་བ་རེད།
༄༅།།ཀྲུང་གོའི་དམག་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་དམག་དཔུང་ལ་རིམས་འགོག་དངོས་རྫས་མཁོ་འདོན་བྱས།