འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་27ཉིན།

༄༅༎སྐལ་རྡོར་དང་བློ་དཔལ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་27ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བྱ་ཡུལ་སྲིན་བུ་རིར་སྐལ་རྡོར་ཁྱིམ་མི་དང་མཉམ་དུ་སྦྲ་གུར་ཇ་ཁང་ལ་སྐྱོད་བཞིན་པ།
འདི་ནི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བྱ་ཡུལ་སྲིན་བུ་རིར་སྐལ་རྡོར་ཁྱིམ་མི་དང་མཉམ་དུ་སྦྲ་གུར་ཇ་ཁང་ལ་སྐྱོད་བཞིན་པ།
     ཟླ་བ་བཞི་པར། ས་མཐོར་དཔྱིད་དཔལ་རབ་ཏུ་བཞད། ལོ་34ལ་སླེབས་པའི་བོད་རིགས་ཕོ་གཞོན་སྐལ་རྡོར་དང་བཟའ་ཟླ་བློ་དཔལ་གཉིས་ཀྱིས་ཞོགས་ཟས་བཟས་རྗེས་རང་ཁྱིམ་གྱིས་གཉེར་བའི་སྦྲ་གུར་ཇ་ཁང་དུ་ཡོང་སྟེ་ཉིན་གཅིག་གི་ལས་ཀར་བྲེལ་འགོ་ཚུགས།
     སྐལ་རྡོར་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སེའུ་ཤང་ནས་ཡིན་པ་དང་། དེ་ནི་བྱང་ཐང་གི་ཐག་རིང་ལུང་ཁུག་ཏུ་གནས་པའི་འབྲོག་སྡེ་ཞིག་རེད། 2019ལོའི་ལོ་མཇུག་ཏུ་སྲིད་གཞུང་གིས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་གྱི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དང་མཚོ་གཉིས་རྫོང་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་ནས་སྣོད་བཅུད་གནས་སྤོ་བྱས་ཤིང་། སྐལ་རྡོར་ནང་མི་རྣམས་ས་བབ་མཐོ་ཚད་སྨི་4800བརྒལ་བའི་ཨ་མདོ་རྫོང་སེའུ་ཤང་ནས་བྲལ་ཏེ་ལེ་དབར་སྟོང་གིས་ཆོད་པའི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་སྲིན་བུ་རིར་སླེབས་པ་རེད།
     སྐལ་རྡོར་ནི་བློ་རིག་སྤྱང་ཞིང་ལས་ལ་བརྩོན་པའི་མི་འཇོན་ཐང་ཅན་ཞིག་རེད། སྔོན་མ་ས་བབ་ཀྱི་རྐྱེན་གྱིས་འཕེལ་རྒྱས་ལ་ཚོད་འཛིན་ཕོག་ལ། སྐལ་རྡོར་ཁྱིམ་གྱིས་གཙོ་བོ་ཕྱུགས་འཚོས་ནས་འཚོ་བ་འཕྱིད་ཐབས་བྱེད་པ་དང་། ཚོང་ཁང་ཆུང་ཆུང་ཞིག་ཀྱང་གཉེར་ཡོད་ནའང་ད་དུང་ཕྱུག་པོ་ཆགས་ཐུབ་མེད། སྡོད་ཁྱིམ་གསར་པར་སྤོས་རྗེས་གནས་སྤོ་བྱ་ཡུལ་གྱི་ཉེ་འཁོར་ལ་ཁྲོམ་ར་དང་། སྨན་ཁང་། སློབ་གྲྭ་སོགས་ཆ་ཚང་བ་དང་། འགྲིམ་འགྲུལ་ཡང་སྟབས་བདེ་པོ་ཡོད། སྐལ་རྡོར་དང་བཟའ་ཟླ་བློ་དཔལ་གཉིས་ཀྱིས་གྲོས་བྱས་པའི་རྗེས་བཀོད་སྒྲིག་བྱ་ཡུལ་དུ་སྦྲ་གུར་ཇ་ཁང་ཞིག་བཙུགས་པ་རེད། སྐལ་རྡོར་གྱིས། ཇ་ཁང་གི་འཚོ་བ་སྟབས་བདེ་ལ་རང་དབང་ལྡན་པའི་ཁར་ནང་མི་ཚང་མ་མཉམ་དུ་སྡོད་རྒྱུ་བྱུང་བ་ནི་གཙོ་བོ་ཡིན་ཞེས་བཤད།
     ད་ཆ་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཇ་ཁང་དུ་འཛོམས་རྒྱུར་དགའ་པོ་ཡོད། སྐལ་རྡོར་ཁྱིམ་གྱི་སྦྲ་གུར་ཇ་ཁང་གི་ཚོང་ཡག་པའི་ཁར་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཀྱང་ཡོད་པས་སྐལ་རྡོར་ཁྱིམ་གྱི་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་པ་རེད།
     ངལ་རྩོལ་ནི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ཤེས་བཟང་ཤོས་དེ་རེད། ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བྱ་ཡུལ་སྲིན་བུ་རིར་སྐལ་རྡོར་ཁྱིམ་དང་འདྲ་བའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དང་མཚོ་གཉིས་རྫོང་གི་མང་ཚོགས་4000ལྷག་གནས་སྤོས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཞིག་སྐྱེལ་འགོ་ཚུགས།
【1】  【2】
འདི་ནི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བྱ་ཡུལ་སྲིན་བུ་རིར་སྐལ་རྡོར(གཡོན)གྱིས་རང་ཁྱིམ་གྱིས་གཉེར་བའི་སྦྲ་གུར་ཇ་ཁང་དུ་མགྲོན་པོར་བུལ་ཐུག་བཀྱག་བཞིན་པ།
འདི་ནི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བྱ་ཡུལ་སྲིན་བུ་རིར་སྐལ་རྡོར(གཡོན)གྱིས་རང་ཁྱིམ་གྱིས་གཉེར་བའི་སྦྲ་གུར་ཇ་ཁང་དུ་མགྲོན་པོར་བུལ་ཐུག་བཀྱག་བཞིན་པ།