འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་22ཉིན།

༄༅༎སྐལ་རྡོར་དང་བློ་བག་གི་མི་ཚེ་སྐྱིད་པོ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་21ཉིན། 16:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
སྲིན་བུ་རི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་དུ་སྐལ་རྡོར(རྒྱབ་ཀྱི་གཡོན)དང་ཆུང་མ་བློ་བག་དང་བུ་ཆེ་བ་བཀྲ་ཤིས་ཉི་མ(མདུན་གྱི་གཡས)དང་བུ་ཆུང་བ་ཕུར་བུ་རྡོ་རྗེ་བཅས་ཀྱིས་སྦྲ་གུར་ཇ་ཁང་གི་མདུན་དུ་མཉམ་པར་བརྒྱབ་པ།
སྲིན་བུ་རི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་དུ་སྐལ་རྡོར(རྒྱབ་ཀྱི་གཡོན)དང་ཆུང་མ་བློ་བག་དང་བུ་ཆེ་བ་བཀྲ་ཤིས་ཉི་མ(མདུན་གྱི་གཡས)དང་བུ་ཆུང་བ་ཕུར་བུ་རྡོ་རྗེ་བཅས་ཀྱིས་སྦྲ་གུར་ཇ་ཁང་གི་མདུན་དུ་མཉམ་པར་བརྒྱབ་པ།
     མི་དམངས་དྲ་བའི་འཕྲིན། ས་མཐོའི་ཟླ་བཞི་པར་དཔྱིད་དཔལ་རབ་ཏུ་བཞད། ལོ་34ལ་སླེབས་པའི་བོད་རིགས་ཕོ་རྒོད་སྐལ་རྡོར་དང་བློ་བག་གིས་ཞོགས་ཟས་ཟོས་རྗེས་རང་གིས་གཉེར་བའི་སྦྲ་གུར་ཇ་ཁང་དུ་ཡོང་ནས་ཉིན་གཅིག་གི་ལས་འགོ་བརྩམས་པ་རེད། སྐལ་རྡོར་གྱི་ཕ་ཡུལ་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སེའུ་ཤང་སྟེ་བྱང་ཐང་གི་འབྲོག་ཁུལ་ཞིག་ཡིན། 2019ལོའི་ལོ་མཇུག་ཏུ་སྲིད་གཞུང་གིས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དང་མཚོ་གཉིས་རྫོང་ལ་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བྱས་པས། སྐལ་རྡོར་ཚང་ས་བབ་མཐོ་ཚད་སྨི་4800ལས་བརྒལ་བའི་ཨ་མདོ་རྫོང་སེའུ་ཤང་ནས་ཁ་བྲལ་ཏེ་ལེ་དབར་སྟོང་གི་སར་གནས་པའི་ཡར་ཀླུང་གཙང་པོ་བྱང་རྒྱུད་ཀྱི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སྲིན་པོ་རི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད། 
     སྐལ་རྡོར་ནི་བློ་རིག་གསལ་ཞིང་ལས་ལ་བརྩོན་པའི་འཇོན་ཐང་ཅན་ཞིག་ཡིན། དེ་སྔ་ས་ཁོངས་འཕེལ་རྒྱས་ཀྱི་ཚོད་འཛིན་གྱི་དབང་གིས་སྐལ་རྡོར་ཚང་གིས་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་བ་མ་ཟད། ད་དུང་ཚོང་ཁང་ཆུང་ཆུང་ཞིག་ཀྱང་གཉེར་ན་ཡང་ཕྱུག་འགྱུར་བྱུང་མ་ཐུབ། ཁྱིམ་གཞིས་གསར་པར་སྤོས་རྗེས་བཀོད་སྒྲིག་བྱ་ཡུལ་གྱི་མཐའ་འཁོར་དུ་ཁྲོམ་ར་དང་། སྨན་ཁང་། སློབ་གྲྭ་སོགས་གང་དགོས་ཚང་མ་འཛོམས་པ་དང་འགྲིམ་འགྲུལ་སྟབས་བདེ་ཡོད་པས། སྐལ་རྡོར་དང་བློ་བག་གིས་གྲོས་བསྡུར་བྱས་རྗེས་བཀོད་སྒྲིག་བྱ་ཡུལ་དུ་སྦྲ་གུར་ཇ་ཁང་ཞིག་བཙུགས་པ་རེད། 
     སྐལ་རྡོར་གྱིས་མངར་ཇ་ཁང་ནང་གི་འཚོ་བ་སྟབས་བདེ་ལ་རང་དབང་ཡོད་ཅིང་གལ་ཆེ་ཤོས་ནི་ནང་མི་ཚང་མ་མཉམ་དུ་སྡོད་ཆོག་པ་དེ་རེད་ཅེས་བརྗོད། 
     ད་ཆ་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཚང་མ་ཇ་ཁང་དུ་འཛོམས་རྒྱུར་དགའ་པོ་ཡོད་པས། སྐལ་རྡོར་གྱི་སྦྲ་གུར་ཇ་ཁང་གི་ཚོང་ཡང་ཡག་པོ་ཡོད་པ་དང་། དེའི་ཁར་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཡོང་འབབ་བསྣན་ཚེ་སྐལ་རྡོར་ཚང་གི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད། 
     ངལ་རྩོལ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་ཡིན། སྲིན་བུ་རི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་དུ་སྐལ་རྡོར་ཚང་དང་འདྲ་བར་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དང་མཚོ་གཉིས་རྫོང་ནས་གནས་སྤོས་པའི་མང་ཚོགས་4000ལྷག་ཙམ་གྱིས་མི་ཚེའི་གནས་སྤོ་ལེགས་གྲུབ་བྱུང་ནས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད།
【1】  【2】  【3】  【4】  【5】  【6】  【7】
༄༅༎སྐལ་རྡོར་དང་བློ་བག་གི་མི་ཚེ་སྐྱིད་པོ།