འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་21ཉིན།

༄༅།།སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་ནང་སློབ་ཁྲིད་ཟུར་ཁྲིད་དཔྱད་ཡིག་གི་དྲ་ཚིགས་དང་བཤེར་རིས་སྦྱར་མི་ཆོག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་21ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། སློབ་གསོ་པུའུ་ཡིས་ཉེ་ཆར་2020ལོའི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ལ་སྤྱོད་པའི་སློབ་དེབ་ཀྱི་དཀར་ཆག་སྐོར་གྱི་བརྡ་ཐོ་འགྲེམས་སྤེལ་བྱས་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་ནང་ཚོང་ལས་བརྡ་ཆའམ་སློབ་ཁྲིད་ཟུར་ཁྲིད་དཔྱད་ཡིག་གི་དྲ་ཚིགས་དང་བཤེར་རིས་སོགས་ཀྱི་ཆ་འཕྲིན་སྦྱར་མི་ཆོག་པའི་བླང་བྱ་ཁ་གསལ་བཏོན་ཡོད།
    བརྡ་ཐོར་གཞིགས་ན། སློབ་གྲྭ་འབྲིང་ཆུང་གི་རྒྱལ་ཁབ་ཀྱི་སློབ་ཚན་གྱིས་དཀར་ཆག་ནང་གི་སློབ་གཞི་བེད་སྤྱོད་བྱེད་དགོས་ཤིང་། སློབ་གྲྭ་འབྲིང་ཆུང་གི་སློབ་གཞི་སྤྱོད་རྒྱུ་ལྟོས་བཅས་ཀྱིས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། གལ་ཏེ་སློབ་དེབ་ཀྱི་པར་གཞི་བརྗེ་དགོས་ཚེ། སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་བདམས་གསེས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ནས་སྒྲུབ་དགོས། ས་གནས་ཁག་གིས་ས་གནས་དེ་རང་གི་དངོས་ཡོད་གནས་ཚུལ་དང་སློབ་མའི་དགོས་མཁོར་གཞིགས་ནས་གྲངས་འཛིན་སྒྲ་བརྙན་རྒྱུ་ཆ་ཆ་ཚང་ཉོ་སྒྲུབ་བྱེད་ཆོག། སློབ་དེབ་དཔེ་སྐྲུན་ཚན་པས་མཉམ་འབྲེལ་དྲ་རྒྱའི་ཐོག་ནས་ཕབ་ལེན་བྱེད་སྟངས་སྤྱད་དེ་རིན་པ་མི་དགོས་པར་གྲངས་འཛིན་སྒྲ་བརྙན་རྒྱུ་ཆ་མཁོ་འདོན་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།  
   བརྡ་ཐོའི་ནང་། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་གིས་སློབ་གཞི་བེད་སྤྱོད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། འབྲེལ་ཡོད་གཏན་འབེབས་ལྟར་སློབ་གཞི་བདམས་སྤྱོད་བྱས་མེད་པ་དང་བེད་སྤྱོད་བྱས་མེད་པའི་ས་གནས་དང་སློབ་གྲྭ་ཁག་ལ་ཐག་གཅོད་ནན་པོ་བྱེད་པ་དང་།  ཡོ་བསྲང་བྱེད་དགོས་པའི་བཀའ་རྒྱ་གཏོང་དགོས་པ་བསྟན་ཡོད།