འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་20ཉིན།

༄༅༎དཀར་མཛེས་རྫོང་གི་གྲོང་ཚོ་དབུལ་པོ་129ཚང་མ་དབུལ་སྒྲོལ་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་20ཉིན། 11:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྨྱུག་འཛིན་པས་དཀར་མཛེས་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོའི་དཀར་མཛེས་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པ་སྟེ། རྫོང་ཡོངས་ཀྱི་གྲོང་ཚོ་དབུལ་པོ་129ཡི་དབུལ་ཞྭ་ཕུད་ནས་གྲོང་ཚོ་དབུལ་པོའི་གྲལ་ནས་ཕྱིར་འཐེན་པ་དང་། དུད་ཚང་3194དང་མི་14959སྤུས་ཚད་མཐོ་བའི་ངང་དབུལ་སྒྲོལ་ཐུབ་པ། དབུལ་པོ་ཐོན་ཚད་23.87%ནས་0.64%བར་ཆག་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་ཙམ་འཕར་བ་བཅས་རེད།
     དབྱེ་འབྱེད་གནད་སྨིན་དང་། བྱ་ཐབས་གནད་ལ་འཁེལ་བ། རོགས་སྐྱོར་གནད་ལ་འཁེལ་བ་སོགས་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་དཀར་མཛེས་རྫོང་གིས“སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། ཇི་ལྟར་རོགས་སྐྱོར་བྱེད་པ”བཅས་ཀྱི་གནད་དོན་3ལ་དམིགས་ནས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། ཡུལ་གཞན་དུ་གནས་སྤོས་ནས་དབུལ་སྐྱོར་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱིས་འབབ་འཕར་ཡོང་བ་བྱས་པ་བཅས་གཙོ་གནད་3ལ་དམིགས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་འབྲེལ་ཡོད་བྱེད་ཐབས་སྔ་རྗེས་སུ་བཟོས་ནས་བཏོན་པས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་པ་རེད། རྫོང་དེས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་ནས་རིམ་རྩིས་བྱས་ན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་33.04བཏང་བ་དང་། དབུལ་སྐྱོར་རྣམ་གྲངས་2263ལག་བསྟར་བྱས་པ། གྲོང་ཚོ་དབུལ་པོ་129ཚང་མ་གྲོང་ཚོ་དབུལ་པོའི་གྲལ་ནས་ཕྱིར་འཐེན་ནས། རྫོང་དབུལ་པོས“དབུལ་ཞྭ་ཕུད་པའི”ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་རྐྱང་གི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད་པ་རེད།
     རྫོང་དེའི་གེ་སར་རིག་གནས་གནད་སྨིན་དབུལ་སྐྱོར་གྲོང་ཚོ་བརྒྱའི་ཐོན་ལས་རྟེན་གཞི་བསྐྲུན་ཟིན་ནས་གཉེར་སྐྱོང་བྱས་པ་དང་། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་ཚད་བརྒལ་ཆེན་པོ་བྱུང་ལ། གྲོང་ཚོ་དབུལ་པོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་8.53ཟིན་ཡོད་པ་དང་། དུད་ཚང་160ཡི་མི་716ཡུལ་གཞན་དུ་གནས་སྤོས་ནས་དབུལ་སྐྱོར་བྱས་པ་དང་། དུད་ཚང་60ཡི་མི་252ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བྱས་པ་རེད། མ་དངུལ་སྒོར་ཁྲི་4481བཏང་ནས་དཀར་མཛེས་རྫོང་གི་ཐག་རིང་འབྲོག་ཁུལ་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་སློབ་གྲྭ་བཙུགས་པ་དང་འབྲེལ་སློབ་འགོ་བཙུགས་ནས་སློབ་མ་བསྡུས་པ་དང་། “སྦྲང་ཆར་འཆར་གཞིའི”མ་དངུལ་སྒོར་ཁྲི་54.75དོན་འཁྱོལ་བྱས་པ་དང་། མི་འབོར་དབུལ་པོའི་ནད་ཆེན་པོ་བྱུང་ནས་སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་ཞུའི་བསྡུར་ཚད་95%ཟིན་ཡོད། དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་དུད་ཚང་813ལ་སྒོར་ཁྲི་2170.81བཏང་བ་དང་། ཞིང་འབྲོག་མི་དམངས་1272ལ་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་མི་532དོན་འཁྱོལ་བྱས་པ་བཅས་རེད། ཀོང་ཏུང་ཞིང་ཆེན་དང་། ཁྲེང་ཏུའུ་གྲོང་ཁྱེར། ལུང་ཆོན་ས་ཁུལ། ཀྲུང་གོའི་འབྲུ་རིགས་སྡེ་ཚོགས་སོགས་ཀྱིས་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་ཁྲི་8398.63གཅིག་གྱུར་འཆར་འགོད་བྱས་ནས་རོགས་སྐྱོར་རྣམ་གྲངས་44ལག་བསྟར་བྱས་པ་རེད།
     ད་ལོ་རྫོང་དེས་དབུལ་ཕུངས་ལས་སྒྲོལ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་ཚད་ལས་འགན་དང་མཚོན་རྟགས་རང་བཞིན་གྱི་དམིགས་ཚད་ལ་བརྩིས་ནས། ཞིང་འབྲེལ་དང་རོགས་སྐྱོར་སོགས་ཕྱོགས་ཁག་གི་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་དབུལ་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང་ཤིན་ཏུ་དབུལ་པོའི“ཤང་བཞི་དང་གྲོང་རྡལ་གཅིག”གི་རྨང་གཞིའི་ཞན་ཆ་དང་ཐོན་ལས་ཀྱི་ཞན་ཆ་གསབ་ནས་དུད་ཚང་114ཡི་མི་414ཡི་དབུལ་པོ་ཉུང་གཏོང་གི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་དང་། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་འདོར་བ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མི་འདོར་བ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་མི་འདོར་བ། དབུལ་ཞྭ་ཕུད་ཀྱང་ལྟ་སྐུལ་དོ་དམ་མི་འདོར་བ་བཅས་ཀྱི་བླང་བྱ་གཞིར་བཟུང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་དང་རང་འགུལ་ངང་འབྲེལ་མཐུད་བྱེད་དེ། དབུལ་སྐྱོར་ཐོན་ལས་དང་། བདེ་འཇགས་འཐུང་ཆུ། འཚོ་སྡོད་ཁོར་ཡུག གྲོང་གསེབ་ཀྱི་འགྲིམ་འགྲུལ་སོགས་སྲ་བརྟན་མཐོར་གཏོང་ལས་གྲྭ་11ལག་བསྟར་གཏིང་ཟབ་བྱ་རྒྱུ། ཐོན་ལས་དབུལ་སྒྲོལ་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རིགས་དབྱེའི་མཛུབ་ཁྲིད་དང་། ཡུལ་བབ་དང་བསྟུན་པ། ཆེ་ཆུང་ཟུང་འབྲེལ། ལེགས་ཞན་ཟུང་འབྲེལ་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། ཐོན་ལས་ཆེན་པོས་སྤྱི་ཡོངས་སྐུལ་ཁྲིད་དང་ཐོན་ལས་ཆུང་གྲས་བབ་བསྟུན་ཁ་གསབ་བྱས་ཏེ་གྲོང་ཚོ་དབུལ་པོ་ཚང་མར་འབབ་འཕར་ཐོན་ལས་ཡོད་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་གོམ་གང་མདུན་སྤོས་ཀྱིས་ཐོན་ལས་དབུལ་སྐྱོར་སྔར་བས་སྲ་བརྟན་དང་རིམ་སྤོར་བྱ་རྒྱུ། གྲོང་ཚོ་དབུལ་པོའི་ལས་གྲྭ་རིམ་སྤོར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་དབུལ་སྐྱོར་གྱི་རྣམ་པ་དང་། སྲིད་ཇུས། ཉམས་མྱོང་དོ་དམ། ཐོན་ལས་ལག་རྩལ་བཅས་ཁག་ཆེན་པོ་གསུམ་ལ་གཙོ་གནད་ཀྱིས་དམིགས་ཤིང་། བསམ་ཕྱོགས་གསར་གཏོད་དང་། བསམ་བློ་བརྗེ་བ། ལག་རྩལ་སྦྱོང་བ། ཐབས་ལམ་འཚོལ་བ་བཅས་བྱས་ཏེ་ཕྱུག་འགྱུར་སྣེ་ཁྲིད་པའམ་ཡང་ན་མི་མངོན་པའི་སྣེ་ཁྲིད་པ་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུ། དབུལ་སྒྲོལ་འགག་སྒྲོལ་གྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་དང་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དེ་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལས་དོན་ལ་ལྟ་སྐུལ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་གཡས་གཞོགས་གཡོན་འདེགས་བྱ་རྒྱུ། “སྲོལ་ལེགས་སྒྲིག་ནན་གྱི་9+Xཆེད་དོན་བྱ་སྤྱོད”དང་། “མང་ཚོགས་ཉེ་འགྲམ་གྱི‘སྤྱོད་ཚུལ་བཞི’དང་རུལ་སུངས་ཀྱི་གནད་དོན་ཆེད་དོན་བཅོས་སྐྱོང” “གནད་སྨིན་དབུལ་སྐྱོར་གྱི་ཆེད་དོན་ཞིབ་བཤེར” “དབུལ་སྐྱོར་ཁྱབ་ཁོངས་ཀྱི་3+1+1གི་ཆེད་དོན་བཅོས་སྐྱོང” “དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་འགན་ལེན་ལོ”སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་ལེགས་སུ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་བཅས་རེད།