འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་16ཉིན།

༄༅༎ཚེ་རིང་འོད་ཟེར་དང་ཁོང་གི་ཆའོ་སའེ་ཟ་ཁང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་16ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཚེ་རིང་འོད་ཟེར་གྱིས་སྐྱེ་རྒུ་མདོ་དགོན་ནས་ཡུལ་ཤུལ་གྱི་རྣམ་པ་གསར་པར་རྒྱང་ལྟ་བྱེད་བཞིན་པ།
འདི་ནི་ཚེ་རིང་འོད་ཟེར་གྱིས་སྐྱེ་རྒུ་མདོ་དགོན་ནས་ཡུལ་ཤུལ་གྱི་རྣམ་པ་གསར་པར་རྒྱང་ལྟ་བྱེད་བཞིན་པ།
     “ངའི་མིང་ལ་ཚེ་རིང་འོད་ཟེར་ཞེས་ཟེར་བ་དང་། ཁྱེད་རང་གིས་ངར་ཆའོ་སའེ་ཞེས་འབོད་ནའང་འགྲིག”ཟ་ཁང་དུ་ཡོང་མཁན་འགྲུལ་པ་ཚང་མར་ཚེ་རིང་འོད་ཟེར་གྱིས་དེ་ལྟར་རང་ཉིད་ངོ་སྤྲོད་བྱེད་ཀྱི་ཡོད།
     ལོ་34ལ་སླེབས་པའི་ཚེ་རིང་འོད་ཟེར་གྱིས་མཚོ་སྔོན་ཡུལ་ཤུལ་དུ་ཕྱི་ལུགས་ཆའོ་སའེ་ཟ་ཁང་ཞིག་བཙུགས་ཡོད། ཁོང་ནི་ཟ་ཁང་དེའི་མ་བྱན་ཡིན་ལ་ཨ་རག་སྦྱོར་རྟ་མཁན་ཞིག་ཀྱང་ཡིན། བྲེལ་བ་མེད་དུས་ཁོང་གིས་པི་ཝང་རྒྱུད་དྲུག་མ་དཀྲོལ་ནས་མགྲོན་པོ་ཚོར་རང་ཉིད་ཀྱིས་བརྩམས་པའི་གླུ་གཞས་གཏོང་གིན་ཡོད།
     ལོ་ན་ཆུང་དུས་ནས་ཚེ་རིང་འོད་ཟེར་འདུ་འཛི་ཆེ་བའི་ཕྱི་རོལ་གྱི་འཇིག་རྟེན་ལ་ཡིད་སྨོན་འཆོར་ཏེ་ཕ་ཡུལ་ཡུལ་ཤུལ་ནས་ཁ་བྲལ་བ་དང་། ས་ཕྱོགས་གང་སར་མྱུལ་ནས་ཕུགས་འདུན་དོན་གཉེར་བྱེད་འགོ་བརྩམས། ཁོང་ཁྲོམ་བྲོ་ལ་མཁས་པས་དབྱང་ལི་ཕིང་གི་གླུ་གར་ཚོགས་པར་ཞུགས་མྱོང་བ་དང་། གཟི་ཚ་སྡེ་དགུར་དམངས་གཉེར་མགྲོན་ཁང་གཉེར་མྱོང་བ། རི་པིན་ཐོ་ཁེའོ་རུ་མ་བྱན་ཀྱང་སྦྱོང་མྱོང་ཡོད། ལོ་མང་མི་ཡུལ་དུ་འཁྱམ་མྱུལ་བྱས་རྗེས་ཚེ་རིང་འོད་ཟེར་ལ་ཕ་ཡུལ་དུ་ལོག་པའི་འདུན་པ་དྲག་པོ་སྐྱེས། “ས་ཕྱོགས་གང་དུ་བསྐྱོད་ཀྱང་ཨ་མ་ལགས་ཀྱིས་བཟོས་གནང་བའི་ཁ་ལག་གི་བྲོ་བ་བརྗེད་ཐབས་མི་འདུག”2016ལོར་ཚེ་རིང་འོད་ཟེར་གྱིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཐག་བཅད་དེ། ཡུལ་ཤུལ་གྲོང་ཁྱེར་དུ་རང་ཉིད་ཀྱི་ཟ་ཁང་བཙུགས། ཁོང་གིས་ས་གནས་དེ་གའི་ཡུལ་མི་ཚོར་བྲོ་བ་ཞིམ་པའི་ཕི་ས་བག་ལེབ་ལ་སོགས་པའི་ཕྱི་ལུགས་ཀྱི་ཟས་མཆོག་བྲོ་བ་མྱོང་དུ་བཅུག་པ་དང་། ས་གནས་དེ་གའི་གཞོན་ནུ་ལོ་ཆུང་ཚོར་རྒྱལ་ཁབ་གཞན་འགྲིམས་པའི་གཏམ་རྒྱུད་ཀྱང་བཤད་པ་མ་ཟད། ཡུལ་སྐོར་བ་མི་རེ་ངོ་རེར་ཕ་ཡུལ་གྱི་འགྱུར་ལྡོག་གསར་པ་ངོ་སྤྲོད་ཀྱང་བྱེད་ཀྱི་ཡོད།
     ཚེ་རིང་འོད་ཟེར་གྱིས“ལོ་ཤས་གོང་ངའི་ཕ་ཡུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་ནའང་། ད་ཆ་ཡུལ་ཤུལ་ཁྱད་ཆོས་དམིགས་བསལ་ལྡན་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད”ཅེས་བཤད་པ་དང་། ཁོ་པར་མཚོན་ན་རོ་བཅུད་ལྡན་པའི་ཚགས་ཤ་དང་ཨིར་ལན་གྱི་གྲགས་ཅན་ཨ་རག་མཉམ་དུ་ལོངས་སུ་སྤྱད་ན་ཞིམ་ཤོས་ཡིན་པ་དང་། དེ་ནི་འཚོ་བ་གསར་པ་དང་འདྲ་བར་སྐྱིད་སྣང་དོད་པོ་ཡོད་པ་རེད།
འདི་ནི་ཚེ་རིང་འོད་ཟེར(གཡོན་གྱི་གསུམ་པ)ཡུལ་ཤུལ་གྱི་སྒལ་རུས་ལ་རྨས་སྐྱོན་ཕོག་མཁན“རེ་བའི་ཁྱིམ་གཞིས”སུ་དང་བླངས་པ་བྱས་ནས་སྒལ་རུས་རྨས་སྐྱོན་ཕོག་མཁན་ལ་ཕི་ས་བག་ལེབ་བཟོ་སྟངས་སློབ་བཞིན་པ།
འདི་ནི་ཚེ་རིང་འོད་ཟེར(གཡོན་གྱི་གསུམ་པ)ཡུལ་ཤུལ་གྱི་སྒལ་རུས་ལ་རྨས་སྐྱོན་ཕོག་མཁན“རེ་བའི་ཁྱིམ་གཞིས”སུ་དང་བླངས་པ་བྱས་ནས་སྒལ་རུས་རྨས་སྐྱོན་ཕོག་མཁན་ལ་ཕི་ས་བག་ལེབ་བཟོ་སྟངས་སློབ་བཞིན་པ།
འདི་ནི་ཚེ་རིང་འོད་ཟེར་དང་བུ་མོས་ཟ་ཁང་གི་སྒོ་འགྲམ་ནས་ཡུལ་ཤུལ་གྱི་ཁྲོམ་ལ་རྒྱང་ལྟ་བྱེད་བཞིན་པ།
འདི་ནི་ཚེ་རིང་འོད་ཟེར་དང་བུ་མོས་ཟ་ཁང་གི་སྒོ་འགྲམ་ནས་ཡུལ་ཤུལ་གྱི་ཁྲོམ་ལ་རྒྱང་ལྟ་བྱེད་བཞིན་པ།