འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅༎སྐད་འཕྲིན་ཚོགས་པ་ཞིག་ལས་བྱུང་བའི་རིམས་འགོག་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “ལེ་བར་སྟོང་གིས་ཆོད་ཀྱང་ང་ཚོའི་རྩ་བ་གཅིག་ཏུ་སྦྲེལ་ཡོད”ཅེས་པ་ནི་ཟླ་2པའི་ཟླ་དཀྱིལ་དུ་ཨ་རིའི་ལོ་ཧྲན་ཅི་ནས་ཀྲུང་གོའི་ཧུའུ་པེ་སོགས་སུ་འཕྲལ་མར་བསྐུར་བའི་ཐུམ་སྒྲིལ་སྒམ་100ཡི་ཐོག་བྲིས་པའི་ཡི་གེ་རེད། སྒམ་དེ་དག་གི་ནང་ཆེད་ལས་སྨན་བཅོས་འགོག་སྲུང་གྱོན་ཆས་2500ཡོད།
     “ཀྲུང་གོ་བའི་སྡེ་ཁུལ་གྱི་གཅེས་སེམས་དང་རྒྱབ་སྐྱོར”ཞེས་པ་ནི་ཟླ་3པའི་ཟླ་སྨད་དུ་ལོ་ཧྲན་ཅིའི་ས་གནས་དེ་གའི་སྡེ་ཚན་ལ་ཞལ་འདེབས་བརྒྱབ་པའི་དངོས་ཟོག་ཐོག་བྲིས་པའི་ཡི་གེ་རེད། ཞལ་འདེབས་དངོས་ཟོག་གི་གྲས་སུ་ཁ་རས་ཁྲི་8ཙམ་དང་། ལག་འཁྲུའི་སྨན་ཆུ། དུག་སེལ་ཤོག་བུ། ལག་ཤུབས་སོགས་མཁོ་ཆས་ཡོད།
     ཞི་བདེ་རྒྱ་མཚོ་ཆེན་པོའི་ངོགས་གཉིས་ཀྱི་རིམས་ནད་དངོས་ཟོག་ཞལ་འདེབས་རྒྱག་མཁན་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་མང་ཆེ་བ་ལོ་ཧྲན་ཅིའི་ཕ་ལོ་སི་ཕུའུ་ཏི་སི་ས་ཁུལ་ནས་ཡིན་ཞིང་། དུས་རྒྱུན་ཁོ་ཚོས་སྐད་འཕྲིན་ཚོགས་པའི་ནང་སྤེལ་རེས་བྱེད་ཀྱི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་ཚང་མས་རང་འགུལ་ངང་ཚོགས་མི་སྒྲིག་འཛུགས་བྱས་ཏེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་རིམས་འགོག་བྱ་སྤྱོད་ལ་རང་ཉིད་ཀྱི་ནུས་པ་ལེགས་སྐྱེལ་ཕུལ་ཡོད།