འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅།།ཡུན་ནན་ཞིང་ཆེན་གྱིས་ལས་གནས་བརྟན་པོ་ཡོང་བའི་ཕྱིར་སློག་མ་དངུལ་སྒོར་དུང་ཕྱུར་6.15སྤྲད་པ།

ཁེ་ལས་ཀྱི་ལས་བཟོ་ཁྲི་152ལྷག་ཙམ་ལ་ཕན་པ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གསར་འགོད་པས་ཡུན་ནན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཡུན་ནན་གྱིས་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོ་ཡོང་བའི་ཕྱིར་སློག་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་དེ་ཁེ་ལས་ཀྱི་དཀའ་ངལ་སེལ་རྒྱུར་བརྩིས་ཤིང་། ཟླ་3ཚེས་31ཉིན་བར་ཞིང་ཆེན་ཡོངས་ཀྱིས་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོ་ཡོང་བའི་ཕྱིར་སློག་མ་དངུལ་སྒོར་དུང་ཕྱུར་6.15སྤྲད་པ་དེའི་ཕན་པ་ཁེ་ལས་ཁྲི་3.9ལྷག་ཙམ་གྱི་ལས་བཟོ་ཁྲི་152.77ལ་ཐོབ་ཡོད་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། 2020ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་གྱིས་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོ་ཡོང་བའི་ཕྱིར་སློག་ལས་དོན་གྱི་ཞིབ་བཤེར་གཏན་འབེབས་བྱེད་པའི་དབང་ཆ་ཚང་མ་རྫོང(གྲོང་ཁྱེར་དང་ཆུས)མི་སྤྱི་སྡེ་ཚན་ལ་སྤྲད་དེ་ལས་ཀའི་སྒྲུབ་རིམ་སྟབས་བདེ་རུ་བཏང་ཞིང་། མིག་སྔར་ཞིང་ཆེན་ཡོངས་ཀྱི་ཀྲོའུ་དང་གྲོང་ཁྱེར་16ལ་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོ་ཡོང་བའི་ཕྱིར་སློག་ལས་དོན་དྲ་ཐོག་ནས་གཉེར་ཐུབ་པ་བྱུང་སྟེ་ཐོན་ཁུངས་བསྡུ་སྒྲིལ་དང་སྒྲུབ་གཉེར་དུས་ཚོད་སྔར་བས་ཐུང་དུ་བཏང་ཡོད།