འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་11ཉིན།

༄༅༎ཀན་ལྷོ་ཁུལ་གྱིས་སློབ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་བྱས་པ།

ཟླ་4ཚེས་9ཉིན་ནས་བཟུང་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་10ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་ལོ་རིམ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་ལོ་རིམ་གྱིས་ཟླ་4ཚེས་9ཉིན་འབྱོར་ཐོ་འགོད་པ་དང་། 
     ■དམའ་རིམ་སློབ་འབྲིང་གི་སློབ་ཐོན་ལོ་རིམ་ནི་ཟླ་4ཚེས་13ཉིན་སློབ་འགོ་ཚུགས་ནས་འབྱོར་ཐོ་འགོད་རྒྱུ། 
     ■མཐོ་རིམ་སློབ་འབྲིང་དང་། དམའ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱི་སློབ་ཐོན་ལོ་རིམ་མིན་པའི་ལོ་རིམ་ནི། སློབ་གྲྭ་གནས་སའི་རྫོང་དང་གྲོང་ཁྱེར་སྲིད་གཞུང་གིས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་ཟླ་4ཚེས་13ཉིན་གྱི་རྗེས་སུ་ཁག་དགར་བ་དང་དུས་ཚོད་དབྱེ་ནས་སློབ་འགོ་འཛུགས་རྒྱུ། 
     ■སློབ་ཆུང་ནི་སློབ་གྲྭ་གནས་སའི་རྫོང་དང་གྲོང་ཁྱེར་སྲིད་གཞུང་གིས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་ཟླ་5ཚེས་1ཉིན་ནས་བཟུང་སློབ་ཆུང་གི་ལོ་རིམ་མཐོ་བ་དང་དེ་ནས་སློབ་ཆུང་གི་ལོ་རིམ་དམའ་བ་ཁག་དགར་བ་དང་དུས་ཚོད་དབྱེ་ནས་སློབ་འགོ་འཛུགས་རྒྱུ། 
     ■བུ་བཅོལ་ཁང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་ནི་རིམས་ནད་མཇུག་བསྒྲིལ་རྗེས་སྒོ་འབྱེད་རྒྱུ་དང་སློབ་འགོ་ཚུགས་རྒྱུ། དུས་ཚོད་ཞིབ་ཕྲ་ཟུར་དུ་བཀོད་སྒྲིག་བྱ་རྒྱུ། 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་བརྡ་ཐོ་བཏང་ནས་ཀན་སུའུ་ཞིང་ཆེན་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་སྤྱིའི་ཆ་ནས་སློབ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་བྱས་རྗེས། ཀན་ལྷོ་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་སློབ་གྲྭ་རིམ་པ་ཁག་གིས་སློབ་འགོ་ཚུགས་པའི་གྲ་སྒྲིག་ཧུར་ཐག་བྱས་པ་དང་། ཟླ་4ཚེས་9ཉིན་ནས་བཟུང་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་པ་རེད།
     གསར་འགོད་པས་ཀན་ལྷོ་ཁུལ་སློབ་གསོ་སྡེ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་ལོ་རིམ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་ལོ་རིམ་ནི་ཟླ་4ཚེས་9ཉིན་སློབ་འགོ་ཚུགས་ནས་འབྱོར་ཐོ་འགོད་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་ཐོན་ལོ་རིམ་ཟླ་4ཚེས་13ཉིན་སློབ་འགོ་ཚུགས་ནས་འབྱོར་ཐོ་འགོད་རྒྱུ། མཐོ་རིམ་སློབ་འབྲིང་དང་། དམའ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱི་སློབ་ཐོན་ལོ་རིམ་མིན་པའི་ལོ་རིམ་ནི། སློབ་གྲྭ་གནས་སའི་རྫོང་དང་གྲོང་ཁྱེར་སྲིད་གཞུང་གིས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་ཟླ་4ཚེས་13ཉིན་གྱི་རྗེས་སུ་ཁག་དགར་བ་དང་དུས་ཚོད་དབྱེ་ནས་སློབ་འགོ་འཛུགས་རྒྱུ། སློབ་ཆུང་ནི་སློབ་གྲྭ་གནས་སའི་རྫོང་དང་གྲོང་ཁྱེར་སྲིད་གཞུང་གིས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་ཟླ་5ཚེས་1ཉིན་ནས་བཟུང་སློབ་ཆུང་གི་ལོ་རིམ་མཐོ་བ་དང་དེ་ནས་སློབ་ཆུང་གི་ལོ་རིམ་དམའ་བ་ཁག་དགར་བ་དང་་དུས་ཚོད་དབྱེ་ནས་སློབ་འགོ་འཛུགས་རྒྱུ། བུ་བཅོལ་ཁང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་ནི་རིམས་ནད་མཇུག་བསྒྲིལ་རྗེས་སྒོ་འབྱེད་རྒྱུ་དང་སློབ་འགོ་ཚུགས་རྒྱུ། དུས་ཚོད་ཞིབ་ཕྲ་ཟུར་དུ་བཀོད་སྒྲིག་བྱ་རྒྱུ། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་སློབ་གྲྭ་འབྲིང་ཆུང་ཆ་ཚང་སློབ་འགོ་བཙུགས་ཚར་བའི་གཟའ་འཁོར་གཅིག་སོང་རྗེས། རྫོང་དང་གྲོང་ཁྱེར་གྱི་སློབ་གསོ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད་དྲ་ཕྱིའི་དེ་མཚུངས་ལོ་རིམ་གྱི་གསོ་སྦྱོང་བྱེད་སྒོ་སླར་གསོ་བྱ་རྒྱུ། 2020ལོའི་འབྲིང་རྒྱུགས་རྩ་དོན་ཐོག་ཟླ་བ་གཅིག་ཕྱིར་སྣུར་བྱ་རྒྱུ་དང་ཞིབ་ཕྲའི་དུས་ཚོད་ད་རུང་གཏན་འཁེལ་བྱས་མེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི《2020ལོའི་དཔྱིད་དུས་སློབ་སྐབས་ཀྱི་ཁུལ་ཡོངས་ཀྱི་སློབ་གྲྭའི་སློབ་འགོ་ཚུགས་པའི་ལས་དོན་སྐོར་གྱི་བརྡ་ཐོའི》ནང་རྫོང་དང་གྲོང་ཁྱེར་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས《ཀན་ལྷོ་ཁུལ་གྱི་བུ་བཅོལ་ལས་ཁུངས་དང་། སློབ་གྲྭ་འབྲིང་ཆུང་། ཆེད་ཚན་སློབ་གྲྭ་ཆེ་འབྲིང་བཅས་ཀྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལག་རྩལ་ཇུས་གཞིའི》གཏན་འབེབས་གཞིར་བཟུང་། སློབ་འགོ་ཚུགས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། ཁུལ་དང་། རྫོང་། གྲོང་ཁྱེར་བཅས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་སློབ་གསོ་སྡེ་ཁག་དང་འབྲེལ་གཏུག་གཞོགས་འདེགས་དམ་ཟབ་བྱས་ཏེ། སློབ་གྲྭ་ཁག་ལ་སྨན་དོན་མི་སྣ་མངགས་གཏོང་བྱས་ཏེ་སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་རྒྱུར་ཆ་འགྲིག་མཛུབ་ཁྲིད་བྱེད་པ་དང་། རྒྱལ་ཁོངས་ཕྱི་དང་དེ་བཞིན་ཧུའུ་པེ་ནས་ཕྱིར་ལོག་པའི་མི་སྣའི་བདེ་ཐང་གནས་ཚུལ་ལ་མུ་མཐུད་དོ་ཁུར་བྱེད་པ། ཉེན་ཁ་ཆེ་བའི་མི་སྣའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་བཅས་བྱས་ནས། དགེ་སློབ་ཀྱི་བདེ་ཐང་དང་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་རྒྱུན་གཏན་ལྟར་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།