འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅།།རྒྱལ་ཁབ་འགའ་ནས་ཕྱིར་ལོག་མཁན་གྱིས་སྔོན་ནས་རིམས་འགོག་བདེ་ཐང་ཆ་འཕྲིན་འབུལ་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་དང། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགག་སྒོ་སྤྱི་ཁྱབ་ཁང་གིས་གནམ་གྲུར་བསྡད་ནས་ཕྱིར་རྒྱལ་ནང་དུ་ལོག་མཁན་ཀྲུང་གོ་བས་སྔོན་ནས་རིམས་འགོག་བདེ་ཐང་ཆ་འཕྲིན་རེའུ་མིག་འབྲི་དགོས་པའི་སྐོར་གྱི་སྤྱི་བསྒྲགས་སྤེལ་ཡོད། སྤྱི་བསྒྲགས་ལས་བསྟན་དོན། རིམས་ནད་མངའ་ཁོངས་བརྒལ་ནས་བརྒྱུད་སྤེལ་ཉུང་དུ་གཏོང་ཆེད། གཤམ་གྱི་རྒྱལ་ཁབ་དག་ནས་རྒྱལ་ནང་དུ་ལོག་པའི་གནམ་གྲུ་སྤ་སེ་ཉོས་ཟིན་པའི་ཀྲུང་གོའི་འགྲུལ་བས་སྔོན་ནས་རིམས་འགོག་བདེ་ཐང་ཆ་འཕྲིན་རེའུ་མིག་འབྲི་དགོས་པ་རེད། ཞིབ་ཕྲའི་བླང་བྱ་གཤམ་འོག་ལྟར། 
    གཅིག 2020ལོའི་ཟླ་4ཚེས་8ཉིན་ནས་བཟུང་། སྤ་སེ་ཉོས་ཟིན་པའི་འགྲུལ་བས་གནམ་གྲུར་མ་བསྡད་གོང་། རིམས་འགོག་བདེ་ཐང་ཨང་གྲངས་རྒྱལ་སྤྱིའི་པར་མ་སྐད་འཕྲིན་བྱ་རིམ་ཆུང་བ་བརྒྱུད་ནས། ཉིན་རེ་བཞིན་མི་སྒེར་གྱི་ཆ་འཕྲིན་དང་། བདེ་ཐང་གི་གནས་ཚུལ། ཉེ་ཆར་ཕྱི་རོལ་ཏུ་བསྐྱོད་པའི་གནས་ཚུལ་བཅས་ཀྱི་ཆ་འཕྲིན་འབྲི་དགོས་ཤིང་། དམིགས་བསལ་གནས་ཚུལ་དང་འཕྲད་དུས་མི་གཞན་གྱིས་ཚབ་འགོད་བྱེད་ཆོག 
    གཉིས། 2020ལོའི་ཟླ་4ཚེས་8ཉིན་ནས་ཟླ་4ཚེས་22ཉིན་ནི་བར་བརྒལ་དུས་རིམ་རེད། བར་བརྒལ་དུས་རིམ་ནང་དུ་གནམ་གྲུར་སྡོད་མཁན་ཀྲུང་གོ་བས་ཟླ་4ཚེས་8ཉིན་ནས་བསྟུད་མར་ཉིན་རེ་བཞིན་རེའུ་མིག་འབྲི་དགོས་པ་དང་། བར་བརྒལ་དུས་རིམ་རྗེས་སུ་གནམ་གྲུར་སྡོད་མཁན་གྱིས་གནམ་གྲུར་མ་བསྡད་གོང་གི་ཉིན་14ནས་བཟུང་བསྟུད་མར་ཉིན་རེར་བཞིན་རེའུ་མིག་འབྲི་དགོས། 
    གསུམ། གོང་དུ་བརྗོད་པའི་བླང་བྱ་ལྟར་རེའུ་མིག་བྲིས་མེད་ན། གནམ་གྲུར་སྡོད་ཐབས་མེད། འགྲུལ་བས་ཆ་འཕྲིན་རྫུན་མ་བྲིས་ན་བགྲོད་ལམ་འགོག་རྒྱུ་མ་ཟད། ད་དུང་དེར་བསྟུན་གྱི་ཁྲིམས་འབྲེལ་འགན་འཁྲི་འཁུར་དགོས། སྤྱི་བསྒྲགས་ནང་བཀོད་པའི་རྒྱལ་ཁབ་དག་ནི། དབྱི་ཐ་ལི་དང་། ཨ་རི། སི་ཕན། འཇར་མན། དབྱི་རན། ཧྥ་རན་སེ། ཁོ་རེ་ཡ་ལྷོ་མ། སུའེ་ཙེ། དབྱིན་ཇི། ཧོ་ལན།  ཨོ་སི་ཁྲུ་རི་ཡ། པེར་ཀྲེམ། ནོར་ཝེ། ཕོར་ཐིའུ་ཀལ། སུའེ་ཏེན། ཨོ་སི་ཁྲུ་ལི་ཡ། པར་ཙིར། ཐུར་ཁེ། མ་ལེ་ཞི་ཡ། ཏེན་མག  ཁ་ན་ཏ། དབྱི་སི་རལ། ཅེ་ཁེ། ཨིར་ལན། ཧྥི་ལི་ཕིན། ཐེ་ལན་བཅས་རེད།