འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅།།ཟླ་4ཚེས་8ཉིན་གྱི་ཐོ་རེངས་ཆུ་ཚོད་ཀླད་ཀོར་ནས་བཟུང་། ཝུའུ་ཧན་གྲོང་ཁྱེར་གྱིས་ཝུའུ་ཧན་ནས་ཐོན་པའི་
བགྲོད་ལམ་ཚོད་འཛིན་མེད་པ་བཟོས་པ།  

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཟླ་4ཚེས་8ཉིན་གྱི་ཐོ་རེངས་ཆུ་ཚོད་ཀླད་ཀོར་ནས་བཟུང་། ཝུའུ་ཧན་གྲོང་ཁྱེར་གྱིས་ཝུའུ་ཧན་ནས་ཐོན་པའི་
བགྲོད་ལམ་ཚོད་འཛིན་མེད་པ་བཟོས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན། ཧུའུ་པེ་ཞིང་ཆེན་ཏོག་གསར་གློ་ཚད་ནད་དུག་སྔོན་འགོག་ཚོད་འཛིན་མཛུབ་སྟོན་པུའུ་ཡིས་བརྡ་ཁྱབ་སྤེལ་བ་སྟེ། ཟླ་4ཚེས་8ཉིན་གྱི་ཚུ་ཚོད་ཀླད་ཀོར་ནས་བཟུང་། ཝུའུ་ཧན་གྲོང་ཁྱེར་གྱིས་ཝུའུ་ཧན་ནས་ཐོན་པའི་བགྲོད་ལམ་ལ་ཚོད་འཛིན་དོ་དམ་མེད་པ་བཟོས་པ་དང་། ཝུའུ་ཧན་གྲོང་ཁྱེར་གྱི་འགྲིམ་འགྲུལ་དོ་དམ་བཀག་སྒོ་མེད་པ་བཟོས་ནས། གོ་རིམ་ལྡན་པའི་ངང་ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། ཆུ་ཐོག་སྐྱེལ་འདྲེན། གཞུང་ལམ། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་བཅས་སླར་གསོ་བྱེད་རྒྱུ་ཡིན་པ་རེད།
    ཝུའུ་ཧན་གྱི་ས་ཆ་ཁག་གིས་སྔར་བཞིན་མུ་མཐུད་སྡེ་ཁུལ་ཚོད་འཛིན་དོ་དམ་དང་། འགྲོ་འོང་བྱེད་མཁན་ལ་དོ་དམ་ནན་པོ། ཐོབ་ཐང་འདྲི་ཞིབ། ཆ་འཕྲིན་བསྡུ་རུག ཚ་བ་འཇལ་བ། ཁ་རས་ངེས་པར་དུ་བརྒྱབ་དགོས་པ་བཅས་ལག་བསྟར་བྱ་ནས། འཐབ་ས་དང་པོའི་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་གཡུལ་ས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་རེད། ཚོང་ལས་ཁྲོམ་ར་དང་། སྤྱི་གླིང་། སྨན་ཁང་སོགས་སྒོ་ཕྱེ་ཟིན་པའི་སྤྱི་སྥྱོད་ཁུལ་དུ་ཚ་བ་ལྟ་བ་དང་། འགྲོ་འོང་ཐོ་བཀོད། བཞུར་ཚད་ཚོད་འཛིན་བཅས་ལག་བསྟར་ནན་པོ་བྱས་ནས། འདུ་འཛོམས་རང་བཞིན་གྱི་ཕན་ཚུན་འགོ་རྒྱུ་སྔོན་འགོག་བྱེད་དགོས། གློག་བརྙན་ཁང་དང་།  སྤྲོ་སྐྱིད་ཁང་སོགས་སུ་མུ་མཐུད་ལྡོག་ཕྱོགས་རྩིས་ཁྲའི་དོ་དམ་ནན་མོ་བྱ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཆེ་མོ་དང་ཆེད་སྦྱོང་སློབ་གླིང་དང་། སློབ་གྲྭ་འབྲིང་ཆུང་། འབྲིང་རིམ་ལས་རིགས་སློབ་གྲྭ། ལག་རྩལ་བཟོ་པའི་སློབ་གླིང་། བུ་བཅོལ་ཁང་སོགས་ཀྱི་སློ་འགོ་འཚུག་རྒྱུ་མུ་མཐུད་ཕྱིར་འགྱངས་བྱ་རྒྱུ། ཞིབ་ཕྲའི་སློབ་འགོ་ཚུགས་པའི་དུས་ཚོད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་དཔྱད་འཇོག་བྱས་པ་བརྒྱུད་གཏན་འཁེལ་བྱ་རྒྱུ་རེད།    
    ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་རྒྱ་ཆེའི་གྲོང་མི་ཚོར་རིམས་འགོག་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་པ་དང་། ཁྱིམ་ཚང་གི་ཁོར་ཡུག་འཕྲོད་བསྟེན་ཡག་པོ་བྱེད་པ་དང་། དགོས་པ་མེད་པར་སྡེ་ཁུལ་དང་གྲོང་ཁྱེར་ཞིང་ཆེན་བཅས་ནས་ཕྱིར་མི་འགྲོ་བ། ཕྱིར་སྐྱོད་རྒྱུ་གང་ཐུབ་ཀྱིས་ཉུང་དུ་གཏོང་བ། འདུ་འཛོམས་རང་བཞིན་གྱི་བྱེད་སྒོར་མི་ཞུགས་པ་དང་། སྤྱི་པའི་འདུ་གནས་སུ་འགྲོ་སྐྱོད་བྱས་ན་ཁ་རས་བརྒྱབ་དགོས། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་དགོས་པ་མེད་ན་ཕྱིར་གཞུང་དོན་སྒྲུབ་པར་བསྐྱོད་མི་ཆོག  རིགས་ཁག་གི་མི་སྣས་ཧུའུ་པེའི་བདེ་ཐང་ཨང་གྲངས་“ཨང་གྲངས་ལྗང་གུ”ལ་བརྟེན་ནས་བདེ་འཇགས་དང་གོ་རིམ་ལྡ་པའི་ངང་འགྲོ་འོང་བྱེད་དགོས། པེ་ཅིང་དུ་འགྲོ་མཁན་མི་སྣས་རྒྱལ་སའི་པེ་ཅིང་དུ་བསྐྱོད་པའི་དོ་དམ་ནན་པོར་གཞིགས་པ་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་མཐུན་སྦྱོར་ལམ་སྲོལ་གྱི་འབྲེལ་ཡོད་བླང་བྱར་གཞིགས་ནས་བསྐྱོད་དགོས།
    ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མཛུབ་སྟོན་པུའུ་ཡིས་ནད་དཔེ་གསར་འཕར་མེད་པ་ནི་ཉེན་ཁ་མེད་པ་མིན་པ་དང་། འགྲོ་ལམ་དོ་དམ་ཚོད་འཛིན་མེད་པ་བཟོས་པ་ནི་སྔོན་འགོག་དང་ཚོད་འཛིན་མེད་པ་བཟོས་པ་མིན་པ། གྲོང་ཁྱེར་གྱི་སྒོ་མོ་ཕྱེ་བ་ནི་ཁྱིམ་ཚང་གི་སྒོ་མོ་ཕྱེ་བ་མིན་པ། རིམ་པ་དང་པོའི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་རྒྱུན་འཁྱོངས་བྱས་ཏེ། སྔར་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གཟབ་ནན་ངང་སྒྲུབ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བ་བྱས་ཏེ། ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱའི་འགན་ལེན་བྱེད་དགོས།  
【1】  【2】  【3】  【4】  【5】
༄༅།།ཟླ་4ཚེས་8ཉིན་གྱི་ཐོ་རེངས་ཆུ་ཚོད་ཀླད་ཀོར་ནས་བཟུང་། ཝུའུ་ཧན་གྲོང་ཁྱེར་གྱིས་ཝུའུ་ཧན་ནས་ཐོན་པའི་
བགྲོད་ལམ་ཚོད་འཛིན་མེད་པ་བཟོས་པ།