འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅༎མཚོ་སྔོན་གྱིས“གཞིས་ལུས་དང་གཞིས་སྲུང”གི་རྨང་གཞིའི་གཞི་གྲངས་ཀྱི་མཛོད་སྐྲུན་ཇེ་མགྱོགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་1ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཞིས་ལུས་བྱིས་པ་དང་། གཞིས་སྲུང་བུད་མེད། གཞིས་སྲུང་རྒན་རྒོན་བཅས་ཀྱི་གནས་ཚུལ་མཐིལ་རྟོགས་གྲལ་བཤེར་བྱས་ཏེ། ཆ་འཕྲིན་ཆ་ཚང་ཞིང་བབ་བསྟུན་གསར་བརྗེས་ཀྱི་ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་ཀྱི“གཞིས་ལུས་དང་གཞིས་སྲུང”གི་རྨང་གཞིའི་གཞི་གྲངས་ཀྱི་མཛོད་མགྱོགས་མྱུར་ཆགས་པར་བྱས་ནས། གནད་སྨིན་གཅེས་སྐྱོང་དང་གནད་སྨིན་ཞབས་འདེགས་ཞུ་བར་འདེགས་སྐྱོར་ནུས་ལྡན་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཅེས་སྐྱོང་དང་རོགས་སྐྱོར་བྱེད་རྒྱུ་ཡིན་པ་རེད།
     དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས་དྭ་ཕྲུག་གི་གཞི་རྩའི་འཚོ་སྐྱོང་ཚད་གཞི་མཐོ་རུ་བཏང་སྟེ་དངོས་སུ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་འགན་ལེན་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ནས་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་བྱིས་པར་ལྟ་སྐུལ་མཛུབ་ཁྲིད་མཁན་དང་གྲོང་ཚོའི(གྲོང་ལྷན)བྱིས་པའི་ཀྲུའུ་རེན་གསོ་སྦྱོང་བྱེད་པ་མ་ཟད། བྱིས་པའི་ཕན་བདེའི་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བྱིས་པ་སྐྱོབ་རོགས་ཀྱི་གཞི་རྩའི་ཆ་འཕྲིན་སྣ་ཚོགས་བབ་བསྟུན་གསར་བརྗེས་བྱས་ནས་དཀའ་གནས་སུ་གྱར་བའི་བྱིས་པའི་ཆ་འཕྲིན་རྩིས་ཁྲ་ཕྱོགས་ཡོངས་ནས་བཟོ་རྒྱུ་ཡིན་པ་རེད།