འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅༎བོད་ལྗོངས་རྫ་ཡུལ་རྫོང་གི་དཔྱིད་ཇ་ཁག་དང་པོ་འཐུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་སྒ་སྟོད་གྲོང་ཚོའི་གྲོང་མིས་ཇ་ལོ་འཐུ་བཞིན་པ།
འདི་ནི་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་སྒ་སྟོད་གྲོང་ཚོའི་གྲོང་མིས་ཇ་ལོ་འཐུ་བཞིན་པ།
     བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་ས་གཤིས་ཀྱི་ཆ་རྐྱེན་སྤྱད་དེ་2018ལོ་ནས་བཟུང་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་འགོ་ཚུགས་པ་དང་། མིག་སྔར་རྫ་ཡུལ་གྱིས་ཇ་ལོ་རྒྱ་ཁྱོན་མུའུ་ཁྲི་1.2ཙམ་འདེབས་འཛུགས་བྱས་ཡོད། ཟླ་4ཚེས་5ཉིན་རྫ་ཡུལ་རྫོང་གིས་ཇ་ལོ་འདེབས་འཛུགས་བྱས་ཚུན་གྱི་དཔྱིད་ཇ་ཁག་དང་པོ་འཐུ་འགོ་ཚུགས་པ་དང་ཇ་ལོ་དེ་ས་གནས་དེ་གའི་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ཐོན་ལས་གསར་པར་གྱུར་པ་རེད།
འདི་ནི་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་སྒ་སྟོད་གྲོང་ཚོའི་གྲོང་མིས་ཇ་ལོ་བརྔོ་བཞིན་པ།
འདི་ནི་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་སྒ་སྟོད་གྲོང་ཚོའི་གྲོང་མིས་ཇ་ལོ་བརྔོ་བཞིན་པ།