འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་2ཉིན།

༄༅།།པེ་ཅིང་དུ་རིག་ནུས་འཕྲུལ་མིས་ནད་བརྟག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་02ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པེ་ཅིང་དུ་རིག་ནུས་འཕྲུལ་མིས་ནད་བརྟག་པ།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་ཧྲང་ཏེ་སྲང་ལམ་གྱིས་བཙུགས་པའི་མཉམ་ལས་སྤྱི་སྟེགས་སུ། ཧྲང་ཏེ་སྨན་ཁང་ནང་ཞུགས་ཏེ་ཞིབ་འཇུག་བྱས་པའི་ཧྲང་ཏེ་རིག་ནུས་འཕྲུལ་མི་དེ་ཀྲུང་ཀོང་ཚུན་མཉེན་ཆས་ཁུལ་དུ་བེད་སྤྱོད་བྱེད་འགོ་བརྩམས་ཤིང་། ཁུལ་དེའི་ཁེ་ལས་ཀྱི་ལས་སྒྲུབ་པ་དག་གིས་ནད་བརྟག་པར་རོགས་འདེགས་བྱས་ཏེ། ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་ལ་རོགས་རམ་བྱས་པ་རེད། 
    ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་དེའི་ནང་གི་མི་སྣས་ངག་ཐོག་ནས་དྲི་བ་དྲིས་ལན་དང་། མི་བཟོས་རིག་ནུས་འདྲི་དཔྱད་སོགས་ཀྱི་ཐབས་ལམ་བརྒྱུད་དེ། འཕྲུལ་མི་ལ་ཆམ་ནད་དང་། གཉིད་མི་ཁུག་པ། སྣའི་གཉན་ཚད་སོགས་ནད་ཀྱི་གནས་ཚུལ་བཤད་ཆོག་ཅིང་། འཕྲུལ་མིས་རིག་ནུས་མཁྲེགས་ཆས་དང་ལྟེ་སྙིང་རྩི་ཐབས་ཟུང་འབྲེལ་བྱེད་པ་དང་། ནད་རྟགས་ལ་གཞིགས་ནས་འདྲི་དཔྱད་བྱེད་མཁན་ལ་ཐོག་མའི་བརྟག་དཔྱད་མཇུག་འབྲས་སྤྲོད་རྒྱུ་ཡིན་ཞིང། སྨན་ཐོའི་གྲོས་འགོ་འདོན་རྒྱུ་རེད།  འདི་ནི་ཟླ་4ཚེས་1ཉིན། ལས་སྒྲུབ་པས་རིག་ནུས་འཕྲུལ་མི་ལ་བརྟེན་ནས་ནད་བརྟག་བཞིན་པ།
【1】  【2】
༄༅།།པེ་ཅིང་དུ་རིག་ནུས་འཕྲུལ་མིས་ནད་བརྟག་པ།