འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་2ཉིན།

༄༅།།རང་རྒྱལ་གྱི་སྲིང་བལ་ཐོན་སྐྱེད་ཁུལ་གཙོ་བོར་སྲིང་བལ་འདེབས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་02ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཤིན་ཅང་ནི་རང་རྒྱལ་གྱི་སྲིང་བལ་ཐོན་སྐྱེད་ཁུལ་གཙོ་བོ་ཡིན། ཟླ་གསུམ་པའི་ཟླ་མཇུག་ཏུ། ཤིན་ཅང་ནུབ་རྒྱུད་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གཅིག་ཏུ་སྲིང་བལ་དཔྱིད་འདེབས་ལས་དོན་སྤེལ་འགོ་ཚུགས་པ་རེད།
    གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཟླ་3ཚེས་25ཉིན་ཡས་མས་ནས་བཟུང་། ཧྲ་ཡཱ་རྫོང་དང་། ཁུའུ་ཁྲེ་རྫོང་། ཡུས་ལི་རྫོང་སོགས་ཤིན་ཅང་ནུབ་རྒྱུད་ཀྱི་སྲིང་བལ་ཐོན་སྐྱེད་རྫོང་ཆེ་གྲས་ཁག་ཏུ་སྲིང་བལ་དཔྱིད་འདེབས་ལས་དོན་སྤེལ་འགོ་ཚུགས་པ་རེད། རྫོང་དང་གྲོང་ཁྱེར་འདི་དག་གི་སྲིང་བལ་འདེབས་ཁྱོན་ཆ་སྙོམས་མུའུ་ཁྲི་བརྒྱ་ཡན་ཟིན་ཅིང་། གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས། སྔོན་དཔག་བྱས་ན། ཟླ་བཞི་པའི་ཟླ་སྟོད་ནི་ཤིན་ཅང་ནུབ་རྒྱུད་ས་ཁུལ་གྱི་སྲིང་བལ་འདེབས་པའི་ལས་བྲེལ་ཆེ་ཤོས་ཀྱི་དུས་ཚོད་ཡིན་པ་དང་། ཤིན་ཅང་བྱང་རྒྱུད་ས་ཁུལ་དུ་ཟླ་བཞི་པའི་ཟླ་སྟོད་དང་ཟླ་དཀྱིལ་ནས་སྲིང་བལ་འདེབས་འགོ་འཛུགས་རྒྱུ་ཡིན་པ་རེད།