འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་1ཉིན།

༄༅།།འབྲིང་རྒྱུགས་ནི་རྩ་བའི་ཐོག་ནས་བྱས་ན་མཐོ་རྒྱུགས་ཀྱི་རྗེས་སུ་སྤེལ་རྒྱུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་01ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་ཚེས་31ཉིན། འབྲིང་རྒྱུགས་ནི་སྤྱིར་བཏང་བྱས་ན་ས་གནས་ཁག་གིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཡིག་རྒྱུགས་ཀྱི་དུས་ཚོད་གཏན་འཁེལ་བྱེད་ཀྱི་ཡོད། སྔོན་ཆད་ས་གནས་ཁག་གི་འབྲིང་རྒྱུགས་ཚང་མ་གཞི་རྩའི་ཐོག་མཐོ་རྒྱུགས་རྗེས་སྤེལ་གྱི་ཡོད། ད་ལོའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་ཚུགས་ཕྱིར་འགྱངས་བྱས་པའི་དམིགས་བསལ་གནས་ཚུལ་ལ་བསམ་གཞིག་བྱས་ནས། སློབ་གསོ་པུས་ས་གནས་ཁག་གིས་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་རྒྱུར་མཇུབ་ཁྲིད་བྱེད་པ་དང་། ཞིང་ཆེན་དེ་རང་གི་དོན་དངོས་གནས་ཚུལ་ལ་གཞིགས་ནས་འབྲིང་རྒྱུགས་དུས་ཚོད་གཏན་འཁེལ་བྱ་རྒྱུ་དང་། རྩ་དོན་ཐོག་སྔར་བཞིན་མཐོ་རྒྱུགས་རྗེས་སུ་སྤེལ་རྒྱུ་བསྟན་ཡོད་པ་རེད།