འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་1ཉིན།

༄༅།།2020ལོའི་མཐོ་རྒྱུགས་ཟླ་བ་གཅིག་ཕྱིར་འགྱངས་བྱས་འདུག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་01ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་31ཉིན། སློབ་གསོ་པུས་ཚེས་31ཉིན་《2020ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དུས་ཚོད་བཀོད་སྒྲིག་སྐོར་གྱི་སྤྱི་བསྒྲགས》སྤེལ་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2020ལོའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་བསྡུ་བའི་གཅིག་གྱུར་ཡིག་རྒྱུགས་ཟླ་བ་གཅིག་ཕྱིར་འགྱངས་བྱེད་པ་དང་། ཡིག་རྒྱུགས་གཏོང་བའི་དུས་ཚོད་ནི་ཟླ་7ཚེས་7ཉིན་ནས་ཚེས་8ཉིན་བར་ཡིན་ཞིང་། ཞིབ་ཕྲའི་སློབ་ཚན་ཁག་གི་ཡིག་རྒྱུགས་དུས་ཚོད་བཀོད་སྒྲིག་ནི། ཟླ་7ཚེས་7ཉིན། རྒྱ་ཡིག 9:00 ནས་ 11:30བར་དང་།  རྩིས་རིག 15:00ནས 17:00བར། ཟླ་7ཚེས་8ཉིན། རིག་ཚན་ཕྱོགས་བསྡུས་དང་རང་བྱུང་ཚན་རིག་ཚན་ཁག་ཕྱོགས་བསྡུས། 9:00ནས11:30བར་དང་།  ཕྱི་རྒྱལ་གྱི་སྐད་ཡིག 15:00ནས 17:00བར་ཡིན་པ་རེད། 
    ཧུའུ་པེ་ཞིང་ཆེན་དང་པེ་ཅིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས། རང་ས་ཁུལ་གྱི་མཐོ་རྒྱུགས་དུས་ཚོད་བཀོད་སྒྲིག་བསམ་འཆར་འདོན་རྒྱུ་ཞིབ་འཇུག་བྱ་རྒྱུ་དང། སློབ་གསོ་པུའུ་དང་གྲོས་མོལ་བྱས་ནས་མོས་མཐུན་ཐོབ་རྗེས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད།