འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅།།བོད་ལྗོངས་ཀྱིས་ཁྱོན་བོད་དུ་ཡོང་མཁན་མི་ཁྲི་47ལྷག་ཙམ་ལ་འདེམས་བཤེར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱིས་ཁྱོན་བོད་དུ་ཡོང་མཁན་མི་ཁྲི་47ལྷག་ཙམ་ལ་འདེམས་བཤེར་བྱས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་གྱི་ཕྱི་དྲོ་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཐེངས་བརྒྱད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག   བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀན་ཡུན་གྱིས་ངོ་སྤྲོད་བྱས་དོན། མིག་སྔའི་བར་ཁྱོན་བོད་དུ་ཡོང་མཁན་མི་ཁྲི་47ལྷག་ཙམ་ལ་འདེམས་བཤེར་བྱས་པ་དང་། མི་ཐེངས་ཁྲི་133ལྷག་ཙམ་ལ་ནད་དཔེ་གྲལ་བཤེར་བྱས་པ། མི་16735ལ་རིམས་ནད་རིག་པའི་བརྟག་དཔྱད་བྱས་ཡོད་པ་རེད།
    མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱི་ཚ་བ་རྒྱས་པར་བལྟ་མཁན་སྒོ་བསྟེན་སྨན་ཁང་གིས་མི་ཐེངས་9228ལ་ནད་བརྟག་བྱས་ཡོད་པ་དང་།  མི་ཐེངས་6096ཉར་ནས་ལྟ་དཔྱད་བྱས་ཡོད།