འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅༎གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཨ་རི་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་
བྱུང་བའི་ནད་དཔེ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིའི་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་26ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་26ཉིན་གྱི་ཆུ་ཚོད་18བར(པེ་ཅིང་གི་དུས་ཚོད་ཚེས་27ཉིན་གྱི་ཆུ་ཚོད་6པ)ཨ་རིར་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་82404ཟིན་ནས་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ་རེད།
     གྲངས་གཞིར་གཞིགས་ན། ཉིའུ་གཡོད་མངའ་སྡེའི་གཏན་འཁེལ་བྱུང་བའི་ནད་དཔེ་མང་ཤོས་ཡིན་པ་དང་ནད་དཔེ་37802ཟིན་པ་དང་། ཤིན་ཙི་ཞི་མངའ་སྡེར་གཏན་འཁེལ་བྱུང་བའི་ནད་དཔེ་6876ཟིན་པ། ཅ་ལི་ཧྥུ་ཉི་ཡ་མངའ་སྡེར་གཏན་འཁེལ་བྱུང་བའི་ནད་དཔེ་3802ཟིན་ཡོད་པ་རེད།
     གྲངས་གཞི་དེ་དག་ནི་སློབ་ཆེན་དེའི་ཏོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་ཀྱིས་ཕྱོགས་བསྡུས་བྱས་པའི་ཨ་རིའི་མངའ་སྡེ་ཁག་གི་རིམས་ནད་གནས་ཚུལ་སྙན་ཞུའི་ནང་འཁོད་པ་ཞིག་རེད།